ཀྲུང་གོ་བོད་ཀྱི་དྲ་བ།

​རྒྱལ་རྟགས་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་ནས་སློབ་གྲྭ་འབྲིང་ཆུང་གིས་རྒྱལ་རྟགས་དེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ནང་དོན་གལ་ཆེན་དུ་བརྩི་རྒྱུའི་གཏན་འབེབས་བྱ་འཆར་ཡོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་རྟགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་གཉིས་པ་ཚེས13ཉིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གྲོས་ཞིབ་གནང་བར་ཕུལ་བ་རེད། འཆར་ཟིན་གྱི་མ་ཟིན་གཉིས་པའི་ནང་རྒྱལ་རྟགས་སློབ་གསོའི་ནང་དོན་ཁ་སྣོན་བརྒྱབ་པ་དང་སློབ་གྲྭ་འབྲིང་ཆུང་གིས་རྒྱལ་རྟགས་དེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ནང་དོན་གལ་ཆེན་དུ་བརྩི་རྒྱུ་གཏན་འབེབས་ཁ་གསལ་བྱས་ཡོད།

 འཆར་ཟིན་གྱི་མ་ཟིན་གཉིས་པར་གཞིགས་ན། སློབ་གྲྭ་འབྲིང་ཆུང་གིས་རྒྱལ་རྟགས་དེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་སློབ་མར་རྒྱལ་རྟགས་ཀྱི་ལོ་རྒྱུས་དང་བསམ་པའི་ནང་དོན་ཤེས་རྟོགས་བྱ་རྒྱུའི་སློབ་གསོ་གཏོང་དགོས།

 དེ་དང་ཆབས་ཅིག་འཆར་ཟིན་གྱི་མ་ཟིན་གཉིས་པའི་ནང་། རྒྱལ་ཁབ་ཀྱི་ལས་ཁུངས་དང་དྲག་ཆས་སྟོབས་ཤུགས་ཀྱི་མཚན་རྟགས་ལ་རྒྱལ་རྟགས་ཀྱི་རྒྱན་རིས་སྲོག་ཤིང་དུ་བརྩི་ཆོག་པ་དང་། སྤྱི་དམངས་ཀྱིས་བརྗིད་ཉམས་ལྡན་པའི་གནས་སུ་རྒྱལ་རྟགས་ཀྱི་མཚན་རྟགས་བཏགས་ནས་རྒྱལ་གཅེས་ཀྱི་བརྩེ་དུང་མཚོན་པར་བྱས་ཆོག

 འཆར་ཟིན་གྱི་མ་ཟིན་གཉིས་པའི་ནང་ད་དུང་སྤྱི་སྤྱོད་ཚད་གཞི་མིན་པའི་རྒྱལ་རྟགས་འགེལ་དགོས་ན། ཀུན་སྤྱོད་ཚད་གཞི་གྱི་བསྡུར་ཚད་ལྟར་འོས་འཚམ་གྱིས་ཇེ་ཆེར་གཏོང་བའམ་ཡང་ན་ཇེ་ཆུང་དུ་གཏང་ཆོག་ལ། བེད་སྤྱོད་དམིགས་ཡུལ་དང་རྒྱལ་རྟགས་གནས་སའི་བཟོ་བཀོད། མཐའ་འཁོར་གྱི་ཁོར་ཡུག་བཅས་དང་འཚམ་པར་བྱ་དགོས་ཞེས་གཏན་འབེབ་བྱས་ཡོད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།