ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་སྟེ་ལ་ཧོ་མེང་ཐ་ཅི་ཁོའུ་སི་ཐན་གྱི་ཙུང་ཐུང་ལ་འདེམས་པར་རྟེན་འབྲེལ་ཞུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-10-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས12ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ཞི་ཅིན་ཕིང་གིས་ལ་ཧོ་མེང་ལ་གློག་འཕྲིན་བཏང་སྟེ།  ཁོ་རང་ཡང་བསྐྱར་ཐ་ཅི་ཁོའུ་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་འདེམས་པར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས་གློག་འཕྲིན་ནང་དུ་ཀྲུང་ཐ་རྒྱལ་ཁབ་གཉིས་ནི་རི་ཆུ་གཅིག་ཏུ་འདྲེས་པའི་ཁྱིམ་མཚེས་རྒྱལ་ཁབ་དང་ཕན་ཚུན་ལ་གཞོགས་འདེགས་བྱེད་པའིི་གྲོགས་པོ་བཟང་བོ་དང་།  ཕན་ཚུན་ལ་ཡིད་ཆེས་བྱེད་པའི་གྲོགས་པོ་བཟང་བོ་ཡིན་པ་བསྟན་ཡོད།  ཉེ་བའི་ལོ་འགའི་རིང་ཀྲུང་ཐ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ།  ཕྱོགས་གཉིས་གས་ཀྲུང་ཐ་འཕེལ་རྒྱས་གྱི་ཐུན་མོང་རང་བཞིན་དང་བདེ་འཇགས་རང་བཞིན་ཁྱབ་བསྒྲགས་བྱས་པ་དང་།   མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་རྒྱུར་སྐུལ་འདེད་གཏོང་བའི་ཐད་མདུན་གྲལ་དུ་སླེབས་ཡོད་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་མིག་དཔེ་བཟང་བོ་བསྟན་ཡོད།  ངས་ཀྲུང་ཐ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་ཁྱོད་དང་མཉམ་དུ་ལག་གདང་སྦྲེལ་ཏེ་ཧུར་བརྩོན་བྱེད་འདོད་པ་དང་།  ཀྲུང་ཐ་གཉིས་ཀྱིས་ཕྱོགས་ཡོངས་ནས་འཐབ་ཇུས་ཀྱི་འབྲེལ་བ་རྒྱུན་མཐུད་ངང་མཐོར་འདེགས་སུ་གཏོང་རྒྱུར་སྐུལ་འདེེད་བཏང་ནས།  རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་འབྲེལ་བ་ཇེ་རྒྱས་ཇེ་ལེགས་སུ་གཏོང་འདོད་ཞེས་བསྟན་ཡོད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།