ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེང་ཀོང་ཏུང་དུ་རྟོག་ཞིབ་གནང་བར་ཕེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-10-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གིས་ཚེས12ཉིན་ཀོང་ཏུང་དུ་རྟོག་ཞིབ་གནང་བར་ཕེབས། ཉིན་དེའི་ཕྱི་དྲོ། ཁོང་གིས་དང་ཐོག་ཁྲའོ་ཀྲོའུ་གྲོང་ཁྱེར་ཀོང་ཅི་ཟམ་པ་དང་། ཀོང་ཅི་ཐོག་ཁང་། ཕེ་ཧྥང་ཁྲོམ་གཞུང་བཅས་ཀྱི་རིག་དངོས་ཉམས་གསོ་དང་སྲུང་སྐྱོང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན། རིག་གནས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། དེ་རྗེས་ཞི་ཅིན་ཕེང་ཁྲའོ་ཀྲོའུ་སན་ཧོན(སྡེ་ཚོགས)མ་རྐང་ཚད་ཡོད་ཀུང་སིར་ཕེབས་ནས་ཁེ་ལས་ཀྱི་རང་བརྟེན་གསར་གཏོད་དང་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་རྒྱུས་ལོན་གནང་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།