རང་རྒྱལ་གྱིས་དྭངས་གསལ་སྲུང་སྐར་བཅུ་གསུམ་པ་བདེ་བླག་ངང་འཕེན་གཏོང་བྱས་པ།

(科技)(1)我国成功发射高分十三号卫星

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས12ཉིན་གྱི་ཆུ་ཚོད་ཀླད་ཀོར་དང་སྐར་མ57ཐོག རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ་དྭངས་གསལ་སྲུང་སྐར་བཅུ་གསུམ་པ་འཕེན་གཏོང་ལེགས་གྲུབ་བྱུང་ཞིང་བདེ་བླག་ངང་སྔོན་བཀོད་འཁོར་ལམ་དུ་ཞུགས།

(科技)(2)我国成功发射高分十三号卫星

   དྭངས་གསར་སྲུང་སྐར་མ་བཅུ་གསུམ་པ་ནི་མཐོ་ལམ་འོད་རིག་རྒྱང་ཚོར་འཁོར་སྐར་ཡིན་ལ། གཙོ་བོར་རྒྱལ་ཁོངས་ཡོངས་བཤེར་དང་། ཞིང་ལས་ལོ་ཏོག་གི་ཐོན་འབབ་ཚོད་དཔག ཁོར་ཡུག་བཅོས་སྐྱོང་། གནམ་གཤིས་སྔོན་བརྡ། ཕྱོགས་བསྡུས་གནོད་འགོག་གནོད་སེལ་སོགས་ཀྱི་ཁྱབ་ཁོངས་སུ་སྤྱོད་རྒྱུ་དང་། རྒྱལ་དམངས་དཔལ་འབྱོར་གོང་དུ་སྤེལ་བར་ཆ་འཕྲིན་གྱི་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ།

 ཐེངས་འདིའི་ལས་འགན་ནི་རྒྱང་སྐྱོད་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕུར་སྐྱོད་བྱེད་ཐེངས349པ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།