ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་ངོ40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཚེས14ཉིན་གྱི་སྔ་དྲོར་འཚོགས་རྒྱུ་ཡིན་པ་དང་ཞི་ཅིན་ཕིང་ཚོགས་ཆེན་སྟེང་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10བའི་ཚེས12ཉིན་གྱི་གློག་འཕྲིན་ལྟར་ན། ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་ངོ40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཚེས14ཉིན་གྱི་སྔ་དྲོར་ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས་རྒྱུ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་ཞུགས་རྒྱུ་ཡིན་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་རྒྱུ་རེད། 

དེའི་སྐབས་སུ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཞིན་ཧྭ་གསར་འགྱུར་དྲ་བས་ཡུལ་དངོས་ནས་ཚོགས་ཆེན་ཐད་གཏོང་བྱ་རྒྱུ་ཡིན་པ་དང་། མི་དམངས་དྲ་བ་དང་། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀྲུང་གོའི་དྲ་བ་སོགས་ཀྲུང་དབྱང་གི་གསར་འགྱུར་དྲ་ཚུགས་གཙོ་བོ་དང་མི་དམངས་ཉིན་རེའི་ཚགས་པར་གྱི་སྤྱོད་སྣེ། ཞིན་ཧྭ་གསར་འགྱུར་ཁང་གི་སྤྱོད་སྣེ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་སྤྱོད་སྣེ་སོགས་སྨྱན་སྦྱོར་གསར་པའི་སྟེགས་བུའི་སྟེང་བརྒྱུད་གཏོང་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།