ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པ་ཟླ10བའི་ཚེས11ཉིན་ནས་འགོ་རྩོམ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10བའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཡོངས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་སྤྱི་བསྒྲགས་སྤེལ་ཏེ། རང་རྒྱལ་གྱི་རྒྱལ་ཡོངས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པ་དེ2020ལོའི་ཟླ11ཚེས1ཉིན་གྱི་ཆུ་ཚོད་ཀླད་ཀོར་ཚད་གཞིར་བྱས་ནས་ཁྱིམ་ཚང་རེ་རེར་སྐྱོད་པའི་ལས་དོན་དེ་ཟླ10བའི་ཚེས11ཉིན་ནས་ཟླ12པའི་ཚེས10ཉིན་བར་སྤེལ་རྒྱུ་ཡིན་པ་རེད།

སྤྱི་བསྒྲགས་ནང་གསལ་བོར་བསྟན་དོན། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ཞིབ་བཤེར་བྱ་ཡུལ་ནི། ཡོངས་ཁྱབ་ཞིབ་བཤེར་གྱི་ཚད་གཞི་ཆུ་ཚོད་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་རང་བྱུང་མི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཕྱི་རོལ་དུ་ཡོད་ཀྱང་གཏན་སྡོད་བྱས་མེད་པའི་ཀྲུང་གོའི་སྤྱི་དམངས་ལས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་དུས་ཐུང་གནས་སྡོད་བྱས་པའི་མངའ་ཁོངས་ཕྱིའི་མི་སྣ་ཚུད་མེད།

ཡོངས་ཁྱབ་ཞིབ་བཤེར་གྱི་ནང་དོན་ལ་རུས་མིང་དང་། སྤྱི་དམངས་ཀྱི་ཐོབ་ཐང་ཨང་རྟགས། ཕོ་མོ། ན་ཚོད། མི་རིགས། སློབ་གསོ་མྱོང་ཚད། ལས་རིགས། ལས་རིགས། གནས་སྤོ་འཁོར་སྐྱོད། གཉེན་སྒྲིག་བུ་བཙའ། ཚེ་འདས། སྡོད་ཁང་སོགས་ཚུད་ཡོད།

ད་ཐེངས་ཀྱི་ཡོངས་ཁྱབ་ཞིབ་བཤེར་ནི་སྲིད་གཞུང་གི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལས་ཁུངས་ཀྱིས་ཡོངས་བཤེར་མི་སྣ་ཁྱིམ་ཚང་རེ་རེར་ཐོ་འགོད་བྱེད་པར་གཏོང་རྒྱུ་འམ་ཡང་ན་ཁྱིམ་དུད་རང་བདག་གིས་ཡོངས་བཤེར་རེའུ་མིག་སྐོང་ནས་འབུལ་སྤྲོད་བྱ་ཆོག ཡོངས་བཤེར་པ་དང་ཡོངས་བཤེར་ཁྲིད་སྟོན་པས་ཁྱིམ་ཚང་རེ་རེར་བསྐྱོད་དེ་ཐོ་འགོད་བྱེད་སྐབས་ངེས་པར་དུ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་མི་འབོར་ཡོངས་བཤེར་ལས་ཁུངས་ཀྱིས་གཅིག་གྱུར་ཐོག་སྤྲད་པའི་ལག་ཁྱེར་སྟོན་དགོས།

སྤྱི་བསྒྲགས་ནང་གསལ་བོར་བསྟན་དོན། སྤྱི་དམངས་ལ་མི་འབོར་ཡོངས་བཤེར་ཐད་གཞོགས་འདེགས་བྱས་ཏེ་ཡོངས་བཤེར་ལ་མཁོ་བའི་དཔྱད་ཡིག་མཁོ་འདོན་བྱ་རྒྱུའི་འོས་འགན་ཡོད་ལ། དེ་དང་ཆབས་ཅིག་རིམ་པ་སོ་སོའི་ཡོངས་བཤེར་ལས་ཁུངས་དང་ལས་སྒྲུབ་མི་སྣས་ཡོངས་བཤེར་བྱ་ཡུལ་གྱི་མི་སྒེར་གྱི་ཆ་འཕྲིན་ལ་ངེས་པར་དུ་གསང་སྲུང་ནན་པོ་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།