ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྔར་ལས་ལྷག་པའི་སྒོ་ནས་ཀུང་ཟི་ཆེན་མོའི་སྤུས་ཚད་མཐོར་འདེགས་བྱེད་པའི་སྐོར་གྱི་བསམ་འཆར》པར་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛད་པ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་སྔོན《སྔར་ལས་ལྷག་པའི་སྒོ་ནས་ཀུང་ཟི་ཆེན་མོའི་སྤུས་ཚད་མཐོར་འདེགས་བྱེད་པའི་སྐོར་གྱི་བསམ་འཆར》པར་སྐྲུན་འགྲེམ་སྤེལ་བྱས། 

བསམ་འཆར་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་བ་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཚོང་ར་ཅན་དང་ཆབ་སྲིད་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དངུལ་ལོར་མཁོ་འདོན་གྱི་གྲུབ་ཚུལ་རང་བཞིན་གཏིང་ཟབ་ཏུ་བཅོས་བསྒྱུར་བྱེད་པའི་རེ་བ་གཞིར་བཟུང་སྟེ། མ་རྩའི་ཚོང་རའི་རྨང་གཞིའི་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། གསོག་ཚད་དང་འཕར་ཚད་མཉམ་དུ་འཛིན་པ་དང་རྩ་ལག་མཉམ་བཅོས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་སྒོས་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་དྲིལ་ནས། རྒྱུན་མཐུད་ལྟ་རྟོག་དོ་དམ་ཇེ་དྲག་ཏུ་གཏོང་བ་དང་། ཀུང་ཟི་ཆེན་མོའི་གྲུབ་ཚུལ་དང་འཕེལ་རྒྱས་ཁོར་ཡུག་ལེགས་བཅོས་བྱས་ཏེ། ཀུང་ཟི་ཆེན་མོའི་འཁོར་སྐྱོད་ཚད་ལྡན་ཅན་མངོན་གསལ་གྱིས་མཐོར་འདེགས་གཏོང་བ་དང་། བརྡ་འཕྲིན་མཐིལ་བརྟོལ་གྱི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་བཅོས་བྱེད་པ། འབུར་ཐོན་གནད་དོན་ཕན་ནུས་ལྡན་པའི་སྒོ་ནས་ཐག་གཅོད་བྱས་ནས། རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་དང་སྤྱིའི་སྤུས་ཚད་མངོན་གསལ་གྱིས་མཐོར་འདེགས་འབྱུང་དུ་འཇུག་དགོས། 

བསམ་འཆར་ལས་ཕྱོགས་ཆེན་པོ་དྲུག་ནས་བྱེད་ཐབས་གཙོ་བོ་སྣ་བཅུ་བདུན་བཏོན་ཡོད་དེ། གཅིག་ནས་ཀུང་ཟི་ཆེན་མོའི་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་གཏོང་བ་དང་། གཉིས་ནས་ཀུང་ཟི་ཆེན་མོ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ། གསུམ་ནས་ཀུང་ཟི་ཆེན་མོའི་ཕྱིར་འདོན་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ། བཞི་ནས་ཀུང་ཟི་ཆེན་མོའི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པ། ལྔ་ནས་ཀུང་ཟི་ཆེན་མོ་དང་འབྲེལ་ཡོད་ཚོགས་ཁག་གི་ཁྲིམས་འགལ་ལུགས་འགལ་གྱི་མ་རྩ་ཇེ་མཐོར་གཏོང་བ། དྲུག་ནས་ཀུང་ཟི་ཆེན་མོའི་སྤུས་ཚད་ཇེ་མཐོར་གཏོང་བའི་བྱ་བའི་འདྲིལ་ཤུགས་ཆགས་པར་བྱེད་དགོས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།