“ཐེན་ཝུན་ཨང་དང་པོའི”བརྟག་དཔྱད་ཚད་ལེན་འཕྲུལ་ཆས་ཀྱིས་ཐེངས་དང་པོར“རང་གིས་རང་ལ་པར་བླངས་པ”རེད།

1126584039_16022054320961n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10བའི་ཚེས1ཉིན། རྒྱལ་ཡོངས་སུ་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་ལ་དགའ་གཏོང་བྱེད་པའི་སྐབས་སུ། རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུའུ་ཡིས་རང་རྒྱལ་གྱི་སྐར་མ་མིག་དམར་གྱི་འཚོལ་ཞིབ་ལས་འགན་ཐོག་མ་འཁུར་བའི“ཐེན་ཝུན་ཨང་དང་པོའི”བརྟག་དཔྱད་ཚད་ལེན་འཕྲུལ་ཆས་འཕུར་སྐྱོད་བྱེད་པའི་པར་རིས་ཁྱབ་བསྒྲགས་བྱས་ཤིང་། པར་རིས་སྟེང་གི་སྐར་ལྔའི་དར་དམར་བཀྲག་མདངས་རབ་ཏུ་འཚེར། འདི་ནི“ཐེན་ཝུན་ཨང་དང་པོའི”བརྟག་དཔྱད་ཚད་ལེན་འཕྲུལ་ཆས་ཀྱིས་ཐེངས་དང་པོར“རང་གིས་རང་ལ་པར་བླངས་པ”རེད། མཐའ་ཡས་པའི་འཇིག་རྟེན་ཁྲོད་དངུལ་མདོག་གི་ས་ངོས་སྐོར་ཞིབ་འཕྲུལ་ཆས་དང་གསེར་མདོག་གི་རྒྱང་སྐོར་འཕྲུལ་ཆས་གཉིས་འོད་ཆེམ་ཆེམ་དུ་འཕྲོ་བཞིན་ཡོད་ལ། “ཐེན་ཝུན་ཨང་དང་པོ”ཡིས་མ་ཡུམ་མེས་རྒྱལ་ལ་བརྟགས་དཔྱད་ཚད་ལེན་འཕྲུལ་ཆས་བདེ་འཇགས་ཡིན་པའི་སྙན་ཞུ་ཕུལ་ནས་སྐྱེས་སྐར་ལ་སྨོན་འདུན་ཞུས་པ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།