ཝང་ཁྲིན་གྱིས་ཧེ་ནན་གྱིས་ཧེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་བཅའ་ཁྲིམས་གཏན་འཁེལ་བྱེད་པའི་ཐད་ལ་རྟོག་ཞིབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་གྱིས་ཧེ་ནན་གྱིས་ཧེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་བཅའ་ཁྲིམས་གཏན་འཁེལ་བྱེད་པའི་ཐད་ལ་རྟོག་ཞིབ་བྱས།

ཝང་ཁྲིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགྲེམ་སྤེལ་བྱས་པའི་ཧེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པའི་སྤྱིའི་ཇུས་གཞིའི་རེ་བ་ལྟར། ཡུལ་དངོས་ལ་རྟོག་ཞིབ་དང་ཕྱོགས་སོ་སོའི་བསམ་འཆར་བསྡུ་ལེན་བྱེད་པ་དང་། ལག་ལེན་གྱི་དགོས་མཁོར་རྒྱུས་ལོན་བྱེད་པར་མ་ཟད། ཏན་ཏན་ཏིག་ཏིག་སྒོས་ཧེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་བཅའ་ཁྲིམས་དང་ཁྲིམས་འཛུགས་བྱ་བར་སྐུལ་འདེད་བཏང་ནས། ཆུ་ཚད་མཐོ་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པར་ནུས་ལྡན་ཁྲིམས་སྐྱོང་འདེགས་ཤུགས་འདོན་སྤྲོད་བྱེད་དགོས་ཟེར།

ཝང་ཁྲིན་གྱིས་བསྟན་དོན། ཧེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་འཆར་འགོད་དང་དངོས་སུ་བཀོད་སྒྲིག དངོས་སུ་སྐུལ་འདེད་བཏང་བའི་བཅོས་སྒྱུར་སྒོ་འབྱེད་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་བྱེད་སྐབས། ཧེ་ནན་གྱིས་ཁྱབ་ཁོངས་གཙོ་བོ་དང་གནད་འགག་ལས་རིམ་ལ་དམིགས་ཏེ་འཚོལ་ཞིབ་དང་གསར་སྐྲུན་བྱས་པ་དང་། ཧུར་ཐག་སྒོས་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་པའི་སྲིད་ཇུས་དང་ལམ་ལུགས་མ་ལག་ལ་སྐུལ་འདེད་བཏང་བར་མ་ཟད་ཚོང་གཉེར་ཁོར་ཡུག་ལེགས་པོ་ཞིག་གསར་སྐྲུན་བྱས་ཤིང་། ལྷག་པར་དུ་རིམས་ནད་ལ་འགོག་རྒོལ་བྱེད་པའི་རྒྱབ་ལྗོངས་འོག ཧེ་ནན་གྱིས་ད་ལོར་ཚོང་རའི་གཙོ་གཞི་གསར་བ་ཇེ་མང་དུ་བཏང་བ་དང་། ཕྱི་ཕྱོགས་དངུལ་གཏོང་ཁེ་ལས་དང་ཕྱི་དངུལ་བེད་སྤྱོད་པའི་གྲངས་ཀ་ཆ་སྙོམས་སྒོས་འཕར་སྣོན་ཆེན་པོ་བྱུང་བ་དང་ གནས་སྐོར་ལས་རིགས་འཕེལ་རྒྱས་ཆེན་པོ་བྱུང་ཞིང་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།