ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ཁི་ཀྲི་ཡིས་རླབས་ཆེན་རིམས་འགོག་སྙིང་སྟོབས་དར་སྤེལ་བྱེད་པ་དང་ལྷག་བསམ་རྣམ་དག་སྒོས་ལས་འགན་དང་འགན་འཁྲི་ལག་བསྟར་བྱེད་དགོས་ཞེས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཀྲའོ་ཁི་ཀྲི་ཡིས་རྒྱལ་ཡོངས་རིམ་པ་བཞིའི་སྤྱི་བདེ་ལས་ཁུངས་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གཟེངས་བསྟོད་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་དགོས་ལ། རླབས་ཆེན་རིམས་འགོག་སྙིང་སྟོབས་དར་སྤེལ་བྱེད་པ་དང་ལྷག་བསམ་རྣམ་དག་སྒོས་ལས་འགན་དང་འགན་འཁྲི་ལག་བསྟར་བྱེད་དགོས་པར་མ་ཟད། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ་དང་། བློ་ཐག་རྦད་ཆོད་སྒོས་རྒྱལ་ཡོངས་ཀྱི་སྤྱི་ཚོགས་བརྟན་འཇགས་ཡོང་བ་འགན་སྲུང་བྱས་ནས། ཧུར་ཐག་སྒོས་མི་དམངས་མང་ཚོགས་ཀྱིས་དུས་ཆེན་སྐྱིད་པོ་ཞིག་རོལ་བ་དང་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་བདེ་བླག་ངང་འཚོགས་པར་བདེ་འཇགས་དང་བརྟན་འཇགས་ཀྱི་ཆབ་སྲིད་སྤྱི་ཚོགས་ཁོར་ཡུག་གསར་སྐྲུན་བྱེད་དགོས་ཟེར།

ཀྲའོ་ཁི་ཀྲི་ཡིས་རིགས་སོ་སོའི་འགལ་བ་དང་རྩོད་གཞི་ལ་ཞིབ་བཤེར་བྱས་ཏེ་ཞི་འཇགས་སུ་གཏོང་བ་དང་། མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ལ་ཤུགས་རྐྱེན་ཐེབས་པའི་ཁྲིམས་འགལ་ནག་ཉེས་བྱ་འགུལ་ལ་རྡུང་རྡེག་ནན་མོ་བྱེད་དགོས་ལ། རིམས་ནད་འགོག་བཅོས་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་འགོག་སྲུང་། སྤྱི་ཐུན་བདེ་འཇགས་དོ་དམ་གྱི་བྱེད་ཐབས་སྣ་ཚོགས་ལ་གཅིག་གྱུར་སྒོས་འཆར་འགོད་དང་དམ་འཛིན་བྱེད་པ་དང་། ཉེན་རྟོག་པའི་ནུས་པ་འདོན་པར་ཤུགས་སྣོན་ཞིང་རྣམ་པ་རྒྱ་ཆེ་བའི་མང་ཚོགས་རང་བཞིན་གྱི་བྱ་འགུལ་ལ་ཞིབ་བཤེར་ཆོག་མཆན་འགོད་པའི་དོ་དམ་ནུས་པ་ཇེ་ཆེར་གཏོང་བ་དང་། གཞུང་ལམ་འགྲིམ་འགྲུལ་དང་ལྕགས་ལམ། དམངས་སྐྱོད་མཁའ་འགྲུལ། གྲུ་ཁ་སོགས་ཀྱི་བདེ་འཇགས་དོ་དམ་བྱ་བ་དམ་འཛིན་བྱས་ནས། མི་དམངས་མང་ཚོགས་ལ་བདེ་འཇགས་དང་འཆམ་མཐུན་གྱི་དུས་ཆེན་རོལ་དུ་འཇུག་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།