ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གིས་གཞོན་ནུ་ལས་བྱེད་པའི“རྨང་རྟེན་གཞི་རིམ་དུ་ཡོད”ཅེས་པའི་རྟོག་ཞིབ་ལག་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ།  རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་འགན་འཁྱེར་ལས་བྱེད་པས་ཞིང་ཆེན་དབུལ་སྐྱོར་ཁྱབ་ཁོངས་ཀྱི་གཞོན་ནུ་ལས་བྱེད་པའི་སྣེ་ཁྲིད་དེ་རྟོག་ཞིབ་ཚན་ཆུང་བཙུགས་ཏེ། ཡུལ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏུ་སོང་ནས། “བོད་འབྲེལ་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ཇེ་བརྟན་དུ་གཏོང་བའི”བྱ་བར་རྟོག་ཞིབ་བྱས་ཤིང་། བྱེད་ཐབས་དེའི་དམིགས་ཡུལ་ནི་གཞོན་ནུ་ལས་བྱེད་པ་གཞི་རིམ་དུ་བསྐྱོད་དེ། མང་ཚོགས་དབུལ་པོའི་འབོད་སྒྲར་ཉན་པ་དང་། དབུལ་ཕོངས་མང་ཚོགས་ཀྱི་བསམ་ཚུལ་དྲན་ཚུལ་དང་སེམས་ཁྲལ་བྱེད་ས། རེ་ལྟོས་བྱེད་ས་བཅས་ལ་ཞིབ་དཔྱད་ངོ་མ་བྱས་ནས། གཞོན་ནུ་ལས་བྱེད་པས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་རྒྱུའི་ཆེད་ཡིན།

རྟོག་ཞིབ་ཚན་ཆུང་ཆུ་དམར་ལེབ་རྫོང་བ་ཡན་སྡེ་བ་དང་དགུ་གཞུང་སྡེ་བར་སོང་ནས་རྟོག་ཞིབ་བྱས་པར་མ་ཟད། ནང་ཆེན་རྫོང་སྤྱི་ཆུ་ཞང་རི་སྣེ་སྡེ་བར་རྟོག་ཞིབ་གཏིང་ཟབ་བྱས་ཏེ་ཁྱིམ་ཚང་དུ་དངོས་བཅར་བྱས། དབུལ་ཕོངས་མང་ཚོགས་དང་། ཞང་དང་གྲོང་རྡལ། གྲོང་ཚོ་བཅས་ཀྱི་ལས་བྱེད་པ་དང་ངོ་ཐུག་གདོང་འཕྲད་ཀྱིས་དབུལ་སྐྱོར་ཕན་འབྲས་དང་རྗེས་མཐུད་འཕེལ་རྒྱས་ཀྱི་དགོས་མཁོའི་ཐད་ནས་བསམ་ཚུལ་བརྗེ་རེས་དང་རྒྱུས་ལོན་བྱས།  རྟོག་ཞིབ་ཚན་ཁག་གིས་སྤྱི་ལེ་སྟོང་གཉིས་ཙམ་གྱི་ཡུན་ལ་བསྐྱོད་དེ་རྟོག་ཞིབ་བྱས་པ་དང་། ཁྱོན་བརྟག་དཔྱད་འདྲི་ཤོག་ལྔ་བརྒྱ་ཉེར་གསུམ་བསྡུ་རུབ་ནུས་ལྡན་བྱས་ཏེ། བོད་དང་འབྲེལ་བ་ཡོད་པའི་ས་ཁུལ་གྱི་དབུལ་ཐར་ལས་དོན་སྲ་བརྟན་གཏོང་བའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་ཞིབ་མོ་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།