ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་སྡེའི་ཁང་སའི་ལམ་ལུགས་བཅོས་སྒྱུར་ཚོད་ལྟའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཞིང་སྡེའི་ཁང་སའི་ལམ་ལུགས་བཅོས་སྒྱུར་ཚོད་ལྟའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ཞིང་སྡེའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧུའུ་ཁྲུན་ཧྭ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ལྟར། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་།  ཇུས་འགོད་ཞིབ་ཚགས་དང་གོ་རིམ་ཡོད་པའི་སྒོ་ནས་ལག་བསྟར་བྱེད་དགོས་ལ། བརྟན་བརླིང་དང་གཟབ་ནན་གྱིས་ཞིང་སྡེའི་ཁང་སའི་ལམ་ལུགས་བཅོས་སྒྱུར་ཚོད་ལྟའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་ཟེར།

ཧུའུ་ཁྲུན་ཧྭ་ཡིས་བསྟན་དོན།  ས་གནས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཞིང་སྡེའི་ཁང་སའི་ལམ་ལུགས་སྒྱུར་བཅོས་ཀྱི་ཚོད་ལྟ་བྱ་བ་ནན་གྱིས་སྒྲུབ་རྒྱུ་དེ་གོ་གནས་གལ་ཆེན་ཏུ་བཞག་ཏེ། འགོ་ཁྲིད་ལ་ཤུགས་སྣོན་པ་དང་ཚོད་ལྟའི་བྱ་བར་རྩ་འཛུགས་ཞིབ་མོ་བྱེད་པ། མཛུབ་སྟོན་གནད་འགག་དམ་འཛིན་དང་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཇེ་ཆེར་གཏོང་བ།  ཡུལ་བབ་དང་བསྟུན་ནས་འཚོལ་ཞིབ་བཅས་བྱེད་དགོས་པར་མ་ཟད།  འགལ་བ་དང་གནད་དོན་ལ་འཕྲད་ཚེ་དུས་ཐོག་ཏུ་ཞིབ་འཇུག་ཐག་གཅོད་བྱས་ནས་ལས་དོན་སྣ་ཚོགས་བདེ་བླག་ངང་སྤེལ་རྒྱུ་འགན་སྲུང་བྱེད་དགོས། ཀྲུང་དབྱང་ཞིང་སྡེ་གཞུང་སྒྲུབ་ཁང་དང་། ཞིང་ལས་ཞིང་སྡེ་པུའུ་སོགས་སྡེ་ཁག་གིས་ལྟ་སྐུལ་དང་མཛུབ་སྟོན་བྱ་བར་ཤུགས་སྣོན་པ་དང་། གཅིག་གྱུར་སྒོས་འཆར་འགོད་དང་མཐུན་སྦྱོར་བྱེད་པའི་བྱ་བ་གང་ལེགས་པར་བསྒྲུབ་ནས།   མཉམ་དུ་ཚོད་ལྟའི་བྱ་བར་སྐུལ་འདེད་གཏོང་བའི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།