ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་སྨྱན་བྱད་མཉམ་བསྲེས་འཕེལ་རྒྱས་ལ་མྱུར་དུ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་སྨྱན་བྱད་མཉམ་བསྲེས་འཕེལ་རྒྱས་ལ་མྱུར་དུ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས་པར་མ་ཟད། བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ནས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་དགོས་པའི་རེ་བ་བཏོན།

བསམ་འཆར་ལས་སྨྱན་བྱད་མཉམ་བསྲེས་འཕེལ་རྒྱས་ཀྱི་སྤྱིའི་རེ་བ་གཏན་འཁེལ་གསལ་བོ་བྱས་པར་མ་ཟད། སྨྱན་བྱད་ཡོངས་ཀྱི་དུས་སྐབས་སུ་བྱ་བ་དེ་ལག་བསྟར་བྱེད་པའི་གལ་ཆེན་རང་བཞིན་དང་དགོས་གལ་རང་བཞིན་གསལ་བོར་རྟོགས་པར་བྱས་ཏེ། དྲང་ཕྱོགས་ནུས་ཚད་ཀྱི་སྤྱིའི་རེ་བ་རྒྱུན་འཁྱོངས་བྱེད་པ་དང་། དོ་དམ་བྱེད་ཕོད་པ་ནི་བདེན་ལུགས་ངོ་མ་ཡིན་པ།  བཀོལ་སྤྱོད་བཟང་བོ་བྱེད་ཐུབ་པ་ནི་ནུས་པ་རྣམ་དག་ཡིན་ལ། ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། གཞི་གཅིག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། ཚན་རིག་དང་མཐུན་པའི་བཀོད་སྒྲིག་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་གསར་སྐྲུན་རྒྱུན་འཁྱོངས་བྱས་ནས། སྲོལ་རྒྱུན་སྨྱན་བྱད་དང་གསར་དར་སྨྱན་བྱད་དེ་སྒྲིག་སྲོལ་རྐྱེན་སྲོལ་དང་སྲིད་ཇུས་བྱེད་ཐབས། བརྒྱུད་རིམ་དོ་དམ། ཤེས་ལྡན་མི་སྣ་དང་ལག་རྩལ་སོགས་ཕྱོགས་སུ་མྱུར་དུ་མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཤུགས་རྐྱེན་ནུས་ཤུགས་དང་འགྲན་རྩོད་ནུས་ཤུགས་ཆེན་པོ་ལྡན་པའི་རྣམ་པ་གསར་བའི་འཕེལ་ཕྱོགས་གཙོ་བོའི་སྨྱན་བྱད་སྐོར་ཞིག་མྱུར་དུ་འཛུགས་སྐྲུན་བྱེད་དགོས་ལ། ནང་དོན་འཛུགས་སྐྲུན་གཞི་རྩ་ཡིན་པ་དང་སྔོན་ཐོན་ལག་རྩལ་གྱིས་རམ་འདེགས་བྱེད་པ། གསར་སྐྲུན་དོ་དམ་གྱིས་འགན་སྲུང་བྱེད་པའི་སྨྱན་བྱད་ཡོངས་ཀྱི་བརྒྱུད་གཏོང་མ་ལག་འཛུགས་དགོས་ཞེས་ནན་གྱིས་བསྟན།

བསམ་འཆར་ལས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མ་དངུལ་དང་སྲིད་ཇུས་འགན་སྲུང་ནུས་པ་ཇེ་ཆེར་གཏོང་བ་དང་། སྨྱན་བྱད་མཉམ་བསྲེས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།