ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་ཝང་ཧྥང་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9པའི་ཚེས29ཉིན།བློ་མཐུན་ཝང་ཧྥང་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་བློ་མཐུན་ཝང་ཧྥང་གི་གཉེན་ཉེ་ལ་མཇལ་འཕྲད་གནང་།

བློ་མཐུན་ཝང་ཧྥང་ནི་རང་རྒྱལ་སྤྱི་བདེ་སྲིད་ཁྲིམས་འཐབ་ཕྱོགས་ཀྱི་ཕུལ་བྱུང་འགོ་ཁྲིད་པ་དང་། སྔོན་ཆད་ཀྲུང་གུང་སྐབས་བཅུ་གཉིས་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཀྲུང་དབྱང་བློ་འདོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་སྲིད་ཨུ་ཡོན་ཞོར་དུ་སྤྱི་བདེ་པུའུ་ཏང་ཙུའུ་ཡི་ཧྲུའུ་ཅི་དང་པུའུ་ཀྲང་གི་འགན་ཞོར་དུ་འཁུར་མྱོང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གོ་ཧྲིན་ཁུན་གྱིས་བཞུགས་མོལ་ཚོགས་འདུའི་སྟེང་བློ་མཐུན་ཝང་ཧྥང་གི་འོད་སྟོང་འབར་བའི་མི་ཚེ་དང་བླ་མེད་བྱས་རྗེས་བཞག་པར་དྲན་གསོ་ཞུས་པར་མ་ཟད། གསར་བརྗེ་སྔོན་རབས་པའི་བླ་མེད་སྙིང་སྟོབས་དང་སྤྱོད་ཚུལ་བཟང་བོ་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ། ཕུགས་འདུན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཏང་ལ་བློ་དཀར་ཞིང་རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་། ཏང་དང་མི་དམངས་ཀྱིས་གནང་བའི་འགན་འཁྲི་དང་ལས་འགན་ནན་ཏན་སྒོས་ལག་བསྟར་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་ནན་གྱིས་བསྟན།

རྒྱལ་སྲིད་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཀྲའོ་ཁི་ཀྲི་ཡིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།