《དྲ་རྒྱའི་བརྒྱུད་སྤེལ་གྱི་ཐུན་མོང་འགན་འཁྲི》ཞེས་པ་ཁྱབ་བསྒྲགས་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིན་ཧྭ་གསར་འགྱུར་དྲ་བས་གཙོ་གཉེར་བྱས་པའི2020ཀྲུང་གོའི་དྲ་རྒྱའི་སྨྱན་སྦྱོར་གླེང་སྟེགས་ཀྱི་འགན་འཁྲིའི་གླེང་སྟེགས་ཧྲང་ཧའེ་རུ་འཚོགས། ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱིས“འགྱུར་ལྡོག་ཆེན་པོའི་དུས་རབས་ཀྱི་དྲ་རྒྱའི་བརྒྱུད་སྤེལ་གྱི་འགན་འཁྲི་དང་བྱ་སྤྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་བགྲོ་གླེང་བྱས་ཤིང་། 《དྲ་རྒྱའི་བརྒྱུད་སྤེལ་གྱི་ཐུན་མོང་འགན་འཁྲི》(གཤམ་དུ་ཐུན་མོང་འགན་འཁྲི་ཞེས་བསྡུ་རྒྱུ)ལ་ཐུན་མོང་གི་ལྟ་ཚུལ་བྱུང་བ་ལ། དེའི་དམིགས་ཡུལ་ནི་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་སྤྱོད་གཙང་གཞུང་དྲང་ངང་དྲ་རྒྱའི་སྟེང་ཆ་འཕྲིན་བརྒྱུད་སྤེལ་བྱེད་པའི་ཁོར་ཡུག་ཅིག་གཏོད་རྒྱུར་འབོད་སྐུལ་བྱས་པ་རེད།

 《ཐུན་མོང་འགན་འཁྲི》ནང་བསྟན་དོན། འབྲེལ་དྲ་ནི་དྲ་དམངས་དུང་ཕྱུར་མང་པོའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཡིན་པས་སྤྱོད་གཙང་གཞུང་དྲང་གི་དྲ་བའི་ཁོར་ཡུག་བསྐྲུན་རྒྱུ་དང་། དྭངས་གཙང་གི་དྲ་རྒྱའི་བར་སྟོང་འཛུགས་རྒྱུ་ནི་ང་ཚོའི་ཕྲག་ཏུ་བབས་པའི་དུས་རབས་ཀྱི་འགན་འཁྲི་རེད།

《ཐུན་མོང་འགན་འཁྲི》ལ་གཤམ་གསལ་གྱི་ནང་དོན་ཁག་དགུ་ཚུད་ཡོད་དེ།

  1、དར་ཆ་མཐོན་པོར་སྒྲེང་བ་དང་ཁྲིད་ཕྱོགས་ལ་སྣེ་ཁྲིད་བྱས་ཏེ་ཏང་གི་འདོད་ཚུལ་དེ་དྲ་རྒྱའི་བར་སྟོང་ནས་ཡོངས་སུ་ཁྱབ་པར་བྱ་དགོས།

  2、སེམས་ཤུགས་གཅིག་སྒྲིལ་དང་ངར་ཤུགས་སྤེལ་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་དང་མཐུན་པར་བྱས་ཏེ། དྲ་ཐོག་དང་དྲ་འོག་གཉིས་ནས་སེམས་མཐུན་གྱི་སྒོར་མོ་འགོད་ཡོད།

  3、བརྗོད་བྱ་གཙོ་བོ་དར་སྤེལ་དང་དྲང་ནུས་བརྒྱུད་སྤེལ་བྱས་ནས་དགེ་མཚན་ལྡན་ལ་སྐྱོན་བྲལ་དང་ཡར་ཐོན་དགེ་སྒྲུབ་ཀྱི་དྲ་རྒྱའི་རིག་གནས་དར་སྤེལ་གཏོང་དགོས།

  4、ནང་དོན་གསར་གཏོད་ལ་ཤུགས་སྣོན་དང་ཕུལ་བྱུང་བརྩམས་ཆོས་མང་པོ་གསར་རྩོམ་བྱས་ནས་དྲ་དམངས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་ཅི་ཐུབ་བྱ་དགོས།

  5、གསར་འགྱུར་རྫུན་མར་རྡུང་རྡེག་གཏོང་བ་དང་གནོད་ལྡན་ཆ་འཕྲིན་བཀག་སྡོམ་བྱས་ཏེ་དོན་དངོས་དང་མཐུན་པའི་དཀྲོག་གཏམ་དང་། དྭངས་གཙང་དང་བདེ་འཇགས་ཀྱི་དྲ་རྒྱའི་ཁོར་ཡུག་ཅིག་བསྐྲུན་དགོས།

  6、དྲ་རྒྱའི་གཏུམ་སྤྱོད་ལ་བཀག་འགོག་དང་རྒྱུག་ཚད་ཚོད་འཛིན་ལ་ངོ་རྒོལ་བྱས་ནས་དོན་དངོས་དང་མཐུན་ལ་ཕྱི་གསལ་ནང་གསལ་གྱི་ཁྱབ་སྤེལ་སྐྱེ་ཁམས་བསྐྲུན་དགོས།

  7、དཔལ་ཡོན་དྲ་འཇུག་དང་། དཔྱོད་ཤེས་དང་ལྡན་པའི་སྒོ་ནས་ཁྲིམས་སྲུང་དང་། ཤེས་དཔལ། མཛའ་མཐུན་བཅས་ཀྱི་ཀྲུང་གོའི་དྲ་དམངས་ཡག་པོ་ཞིག་བྱ་དགོས།

  8、ཚན་རྩལ་ལེགས་བསྒྱུར་དང་གྲངས་གཞིའི་ཁེ་ཕན་ཐོན་པར་བྱས་ཏེ་གཙོ་རྒྱུགས་རིན་ཐང་གི་ཕྱོགས་སྟོན་ལ་བརྟེན་ནས་དྲ་དམངས་ལ་ཞབས་འདེགས་ལེགས་པོ་ཞུ་དགོས།

  9、ལག་གདང་མཉམ་སྦྲེལ་སྒོས་མདུན་སྐྱོད་དང་རང་འགན་གཙང་སྒྲུབ་བྱས་ཏེ་དྲ་རྒྱའི་བརྒྱུད་སྤེལ་གྱི་གཞི་མཐུན་འགན་འཁྲི་ཆགས་པར་སྐུལ་འདེད་གཏོང་དགོས།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།