ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་རྒྱལ་གཉེར་ཁེ་ལས་ལ་ལོ་གསུམ་རིང་བསྒྱུར་བཅོས་བྱེད་པའི་སྐུལ་སློང་བཀོད་སྒྲིག་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས27ཉིན་གྱི་སྔ་དྲོ་རྒྱལ་ཡོངས་ཀྱི་རྒྱལ་གཉེར་ཁེ་ལས་ལ་ལོ་གསུམ་རིང་བསྒྱུར་བཅོས་བྱེད་པའི་སྐུལ་སློང་བཀོད་སྒྲིག་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་གཉེར་ཁེ་ལས་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་་ལིག་ཧི་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། རྒྱལ་སྲིད་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་གཉེར་ཁེ་ལས་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་ཡུང་གིས་ཚོགས་འདུར་གཙོ་སྐྱོང་གནང་།

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་གཉེར་ཁེ་ལས་ཀྱི་བསྒྱུར་བཅོས་བྱ་བར་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཐེངས་མང་པོར་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བས་ངེས་པར་དུ་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་རེད། རྒྱལ་གཉེར་ཁེ་ལས་བསྒྱུར་བཅོས་ཀྱི་ལོ་གསུམ་ནི་མ་འོངས་པའི་ལོ་གསུམ་ནང་རྒྱལ་གཉེར་ཁེ་ལས་སྒྱུར་བཅོས་ཀྱི“1+N”སྲིད་ཇུས་མ་ལག་དང་རྩེ་རིམ་ཇུས་འགོད་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བཟོ་སྐྲུན་དཔེ་རིས་ཤིག་ཡིན་པས། བསྡུར་བ་དང་དཔྱད་ཞིབ། བརྟག་དཔྱད་བཅས་བྱས་ནས་བྱ་བ་ལེགས་པོ་བསྒྲུབ་དགོས་པ་རེད།

ཚོགས་འདུའི་ཐོག་ལས་ཁུངས་ཁག་གིས་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། འགན་འཁྲིའི་ལམ་ལུགས་འཛུགས་རྒྱུ། ས་གནས་ཀྱི་བརྩོན་སེམས་འདོན་སྤེལ་བྱ་རྒྱུ། གསར་གཏོད་རང་བཞིན་ལྡན་པའི་ཇུས་གཞི་དོན་འཁྱོལ་བྱ་རྒྱུ། རྒྱལ་གཉེར་ཁེ་ལས་ཀྱི་འགན་འཁུར་བས་ཁེ་ལས་མཁས་ཅན་གྱི་ནུས་པ་འདོན་སྤེལ་བྱ་རྒྱུ། གླེང་ཕྱོགས་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་སྒྱུར་བཅོས་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

 དེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་གཉེར་ཁེ་ལས་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་ཐེངས་བཞི་པ་འཚོགས་ནས་འབྲེལ་ཡོད་བྱ་བ་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།