ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིན་གྱིས་ཁྱད་ལྡན་གྲོང་རྡལ་ཆུང་ངུ་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་བརྒྱུད་སྤེལ་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི《ཁྱད་ལྡན་གྲོང་རྡལ་ཆུང་ངུ་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བརྒྱུད་སྤེལ་བྱས་པ་རེད།

《བསམ་འཆར》ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བཅས་བྱས་ནས། ཁྱད་ལྡན་གྲོང་རྡལ་ཆུང་ངུའི་འཕེལ་རྒྱས་ཀྱི་ཚུགས་གནས་གནད་འཁེལ་ངང་ཁོང་དུ་ཆུད་རྒྱུ་སྔོན་འགྲོའི་ཆ་རྐྱེན་དུ་བྱེད་པ་དང་། གཙོ་ཁྲིད་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་རྒྱུ་གཙོ་གནད་དུ་བྱེད་པ། ལྕག་སྐུལ་གཅུན་སྡོམ་ལམ་སྲོལ་དང་ཚད་ལྡན་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁྱད་ལྡན་གྲོང་རྡལ་ཆུང་ངུ་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་ནུས་ལྡན་དང་། གོ་རིམ་ལྡན་པ། ཕན་ནུས་ལྡན་པ་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། “བརྟན་ལྷིང་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱ་གཞི་མཁོ་འདོན་དང་ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་དང་གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་གྱི་འཐབ་ཇུས་བརྟན་པོའི་ངང་ལག་བསྟར་བྱ་རྒྱུར་འདེགས་སྐྱོར་མཁོ་འདོན་བྱེད་དགོས།

《བསམ་འཆར》ནང་བསྟན་དོན། འཕེལ་རྒྱས་ཀྱི་ཚུགས་གནས་གནད་འཁེལ་ངང་ཁོང་དུ་ཆུད་པར་བྱས་ཏེ། ཐོན་ལས་ཆུང་ངུའི་གཅིག་སྡུད་ཁུལ་བར་མཐོངས་ཀྱི་ཚན་པར་བྱས་ནས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་ལས། སྲིད་འཛིན་སྒྲིག་ཚུད་གྲོང་རྡལ་དང་སྲོལ་རྒྱུན་ཐོན་ལས་གླིང་ཁུལ་ཁྱད་ལྡན་གྲོང་རྡལ་ཆུང་ངུར་བརྩི་མི་རུང་། ཡུག་འབྲེལ་གྲོང་ཚོགས་དང་། གྲོང་ཁྱེར་ཆེན་པོའི་ཚོགས་པ། གྲོང་ཁྱེར་གྱི་མཐའ་འཁོར་སོགས་ལེགས་ལྡན་ཁུལ་གནས་སམ་ཡང་ན་དེ་མིན་གྱི་ཆ་རྐྱེན་ལྡན་པའི་ས་ཁོངས་སུ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་དགོས་པ་དང་། གཙོ་ཁྲིད་ཐོན་ལས་གཅིག་སྡུད་ཐོག་འཕེལ་རྒྱས་གཏོང་བ་དང་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་གཙོ་ཁྲིད་ཐོན་ལས་ཚན་རིག་དང་མཐུན་པའི་ངང་གནས་གཏན་འཁེལ་བྱས་ནས་ལས་རིགས་ཀྱི“ཕྱོགས་རྐྱང་པའི་ཨང་དང་པོ”གཏོད་དགོས་པ། ཐོན་ལས་དང་། གྲོང་ཁྱེར་འཛུགས་སྐྲུན། མི་རྩ་བར་འཛིན་པ། རིག་གནས་རྒྱུན་འཛིན་བཅས་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་དེང་རབས་སྡེ་ཁུལ་གྱི་ནུས་པ་དང་། རིག་གནས་ཀྱི་ནུས་པ། ཡུལ་སྐོར་གྱི་ནུས་པ་བཅས་གཅིག་སྡུད་བྱས་ནས། ལས་ཀ་དང་། སྡོད་མལ། ཡུལ་སྐོར་བཅས་ལ་འཚམ་པའི་ཁོར་ཡུག་གསར་པ་ཞིག་གཏོད་དགོས་པ། ཁེ་ལས་ཀྱི་བྱེད་པོའི་གནས་བབ་མངོན་གསལ་དོད་དུ་བཏང་ནས། ཁེ་ལས་ཀྱིས་མ་འཇོག་བྱ་རྒྱུ་གཙོ་བོར་བྱེད་པ་དང་སྲིད་གཞུང་གིས་ནུས་ལྡན་དང་གནད་སྨིན་ངང་མ་དངུལ་གཏོང་རྒྱུ་རམ་འདེགས་སུ་བྱེད་པའི་མ་འཇོག་གཉེར་སྐྱོང་བྱེད་སྟངས་ཞིག་གཏོད་དགོས་པ། ལས་གཏོད་ཀྱིས་ལས་ཞུགས་ཀྱི་སྣེ་ཁྲིད་རྒྱུར་སྐུལ་འདེད་བཏང་སྟེ་ཡུལ་བབ་དང་བསྟུན་ནས། ཁྱད་ལྡན་གྲོང་རྡལ་ཆུང་ངུའི་གསར་གཏོད་ལས་གཏོད་ཀྱི་ཁོར་ཡུག་བཏོད་དེ་ལས་ཞུགས་ཁྲོད་ཀྱི་ལས་མི་བསྡུ་ནུས་ཆེ་རུ་གཏོང་དགོས་པ། ཐོན་ལས་ཀྱི་ལེ་ལག་ཚང་བའི་སྒྲིག་ཆས་འཐུས་སྒོ་ཚང་དུ་བཏང་ནས་ཁྲོམ་རའི་བྱེད་པོ་སྔར་བས་མང་བར་ཕན་པ་བསྐྲུན་དགོས་པ། སྒྱུར་བཅོས་འཚོལ་ཞིབ་ཀྱི་ཚོད་ལྟ་ལག་ལེན་བསྟར་ནས་ཐོན་ལས་ཆུང་ངུའི་གཅིག་སྡུད་ཁུལ་གྱི་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དང་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱེད་དགོས་པ་བཅས་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།