ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཅི་ཞའོ་ཡིས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་ལ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་པའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཡིས་མིན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས་ངལ་གསོ་ལུས་གསོ་བྱེད་བཞིན་པའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་ལ་འཚམས་འདྲི་བྱས་པར་མ་ཟད། ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ངལ་རྩོལ་དཔེ་ལེགས་ཅན་གྱི་ནུས་པ་འདོན་སྤེལ་བྱེད་པར་དམིགས་ནས་བཞུགས་མོལ་བརྗེ་རེས་བྱས།

མཱ་ཅི་ཞའོ་ཡིས་བསྟན་དོན། ངལ་རྩོལ་དཔེ་ལེགས་ཅན་ནི་དུས་རབས་ཀྱི་གདོང་ལེན་པ་ཡིན་ལ། ཚང་མས་ལས་རྐང་དཀྱུས་མའི་སྟེང་སྤྱིར་བཏང་མིན་པའི་གྲུབ་འབྲས་བླངས་ནས། མཚོ་སྔོན་འཛུགས་སྐྲུན་ཐད་བྱས་རྗེས་འབུར་དུ་ཐོན་པ་བཞག མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་གྱིས་ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དར་སྤེལ་བྱས་ནས། མིག་དཔེའི་ནུས་པ་འདོན་སྤེལ་བྱེད་དགོས། སློབ་སྦྱོང་ནན་མོ་བྱེད་པའི་སྟེང་མིག་དཔེ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་ཟབ་མོ་བྱས་ཏེ། ཆབ་སྲིད་སྟེང་གི་བློ་རིག་ཅན་དང་ལས་དོན་སྟེང་གི་སྣེ་ཁྲིད་པ་བྱེད་དགོས། རང་གཅུན་ནན་མོ་བྱེད་པའི་སྟེང་མིག་དཔེ་བྱེད་པ་དང་། རང་སྐྱོན་ངོས་ལེན་བྱེད་པ། སྒྲིག་ཁྲིམས་དམ་སྲུང་བྱེད་པ། རང་ཉིད་དཔེ་མཚོན་དུ་བྱས་ནས། དུས་ནམ་ཡང་རང་ཉིད་ལ་རེ་བ་ནན་མོ་འདོན་དགོས། ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བའི་སྟེང་མིག་དཔེ་བྱེད་པ་དང་། ཕུགས་འདུན་ཡིད་རྟོན་ལ་བརྟེན་ནས་ལས་བཟོ་བ་གཅིག་ཏུ་བསྡུ་བ། སྔོན་ཐོན་ལག་རྗེས་ཀྱིས་ལས་བཟོ་བར་སྐུལ་མ་གཏོང་བ། མདུན་སྐྱོད་ཀྱི་འདུ་ཤེས་ཀྱིས་ལས་བཟོ་བར་སྣེ་ཁྲིད་བྱས་ཏེ། ལས་བཟོ་བ་དང་མང་ཚོགས་ཀྱིས་བྱ་བ་བཟང་བོར་བསྒྲུབ་པར་སྣེ་ཁྲིད་བྱེད་དགོས། བློ་འདོན་ཇུས་འབུལ་བྱེད་པའི་སྟེང་མིག་དཔེ་བྱེད་པ་དང་། ཆེད་ལས་ཀྱི་ཁྱད་ཆོས་འདོན་སྤེལ་བྱེད་པ། དཔལ་འབྱོར་འཛུགས་སྐྲུན་བྱེད་པ་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་སོགས་ལ་དམིགས་ནས་འཛུགས་སྐྲུན་རང་བཞིན་གྱི་གྲོས་གཞི་བཏོན་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཟེར།

མཱ་ཅི་ཞའོ་ད་དུང་ཆི་ལེན་རི་བོའི་ཨར་འདམ་ཚད་ཡོད་ཀུང་ཟི་དང་ཁའེ་ཞང་འཛུགས་སྐྲུན་ཚད་ཡོད་ཀུང་ཟི་རུ་རྟོག་ཞིབ་བྱེད་པར་སོང་བ་དང་། མེན་ཧི་མཐུན་སྒྲིལ་ཟམ་ཆེན་བཟོ་སྐྲུན་འཛུགས་སྐྲུན་ཡུལ་དངོས་སུ་སོང་ནས་ལས་བཟོ་བར་འཚམས་འདྲི་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།