ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་སྡེ་ཁག་གིས་དུས་ཆེན་སྐབས་ཀྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་བར་རིན་མེད་ངང་བགྲོད་ཆོག་པའི་ལག་བསྟར་བྱ་ཐབས་ཀྱི་བརྡ་སྦྱོར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2020-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་སུན་ཝུན་ཅན་གྱིས་ཚེས་24ཉིན་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་སྡེ་ཁག་གིས་དུས་ཆེན་སྐབས་ཀྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་བར་རིན་མེད་ངང་བགྲོད་ཆོག་པའི་ལག་བསྟར་བྱ་ཐབས་ཀྱི་བརྡ་སྦྱོར་ལྟར། ད་ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་སྐབས་སུ། འགྲུལ་སྐྱེལ་རླངས་འཁོར་ཆུང་བར་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་སྟེང་རིན་མེད་ངང་བགྲོད་ཆོག་པ་དང་། རིན་མེད་ཀྱི་དུས་ཚོད་ཟླ10བའི་ཚེས1ཉིན་གྱི་དུས་ཚོད00:00ནས་འགོ་བརྩམས་ཏེ་ཟླ་10བའི་ཚེས་བརྒྱད་ཉིན་གྱི་དུས་ཚོད24:00ནས་མཇུག་སྒྲིལ་རྒྱུ་རེད།

སྤྱིར་བཏང་གི་གཞུང་ལམ་སྟེང་གྲོན་དངུལ་བསྡུ་བར་རླངས་འཁོར་དེ་ལམ་གླ་ས་ཚིགས་སུ་འཛུལ་བའི་དུས་ཚོད་ལྟར་གྲོན་དངུལ་བསྡུ་རྒྱུ་ཡིན་པ་དང་། མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ལམ་གླ་བསྡུ་སའི་ས་ཚིགས་སུ་ཕྱིར་བགྲོད་པའི་དུས་ཚོད་ལྟར་ལམ་གླ་བསྡུ་རྒྱུ་རེད།

ད་ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གཅིག་ཏུ་ཁེལ་ཡོད་ཅིང་། གུང་གསེང་ཉིན་བརྒྱད་ཡིན་ཞིང་། ད་ལོའི་རིམས་ནད་གཏན་འཇགས་རྗེས་ཀྱི་གུང་གསེང་ཆེས་རིང་ཤོས་ཡིན་པས། ཚང་མ་ཕྱིར་འགྲོ་འདོད་ཆེ་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེེན་པུའུ་ཡིས་སྔོན་དཔག་བྱས་ན་ད་ལོའི་རྒྱལ་སྟོན་དུས་སྐབས་སུ་གཞུང་ལམ་བརྒྱུད་དེ་ཕྱིར་བསྐྱོད་པར་ཁྱད་ཆོས་འགའ་ཡོད།

གཅིག་ནི་མང་ཚོགས་ཕྱིར་འགྲོ་ཚད་ཆེ་ཞིང་། གུང་གསེང་སྐབས་སུ་མྱུར་བགྲོད་གཞུང་ལམ་སྤྱིའི་དྲ་བའི་རླངས་འཁོར་སྟེང་རླངས་འཁོར་རྒྱུག་ཚད་དུང་ཕྱུར་4.08ལ་སླེབས་པ་དང་། རྒྱལ་ཡོངས་གཞུང་ལམ་དྲ་བའི་ཉིན་རེའི་ཆ་སྙོམས་འགྲིམ་འགྲུལ་སྔོན་དཔག་བྱས་ན་དུས་མཉམ་ལས་བརྒྱ་ཆའི་1%~3%འཕར་རྒྱུ་རེད། སྔོན་དཔག་བྱས་ན་ད་ལོའི་རྒྱལ་སྟོན་གྱི་སྐབས་སུ་རྒྱལ་ཡོངས་གཞུང་ལམ་ལས་ཕྱིར་འགྲོ་བར་གནས་སྐོར་དང་། ཉེ་མིར་སྐོར་རྒྱག་པ་གཙོ་བོ་ཡིན་ལ། ལམ་ཐག་ཉེ་རིང་མཉམ་དུ་ཡོད་ཅིང་། འགྲུལ་སྐྱེལ་རླངས་འཁོར་ཆུང་བའི་འགྲོ་ཚད་དེ་ལྟོས་བཅས་ཀྱིས་ཅུང་མཐོ། སྔོན་དཔག་བྱས་ན་མྱུར་བགྲོད་གཞུང་ལམ་དྲ་བའི་རླངས་འཁོར་རྒྱུགས་ཚད་ཉིན་རེར་རླངས་འཁོར་ཁྲི་5100ལ་སླེབས་རྒྱུ་རེད།  

གཉིས་ནི་གུང་གསེང་སྐབས་ཀྱི་ཉིན་མ་དང་པོའི་ཕྱིར་འགྲོ་ཚད་ཆེ་མཐོ་ཞིང་། རྗེས་མའི་ཕྱིར་ལོག་པའི་དུས་ཚོད་ལྟོས་བཅས་ཀྱིས་ཁ་འཐོར་ཡིན་པ་རེད། སྔོན་དཔག་བྱས་ན་གུང་གསེང་སྔོན་གྱི་ཉིན་དང་པོའི་འགྲིམ་འགྲུལ་རྒྱུགས་ཚད་མངོན་གསལ་གྱི་ཅུང་མཐོ་བ་དང་། དགོང་མོར་འགྲོ་བ་དང་སྔོན་དུ་འགྲོ་བ་སོགས་ཀྱི་ཤུགས་རྐྱེན་གྱིས། དུས་ཚོད་གསུམ་པ་ནས་དུས་ཚོད་ཉེར་གསུམ་གྱི་བར་དུ་མཐོ་རླབས་ཤིག་བསྟུད་མར་བྱུང་བ་དང་། དུས་ཚོད་བཅུ་དགུ་ནས་དུས་ཚོད་ཉེར་གཅིག་གི་བར་དུ་རླངས་འཁོར་འཚང་ཁ་ཆེ་རྒྱུ་དང་། མྱུར་བགྲོད་གཞུང་ལམ་གྱི་རླངས་འཁོར་ཉིན་རེར་ཁྲི4000ལས་བརྒལ་རྒྱུ་ཡིན་ཞིང་། རྒྱལ་སྟོན་དུས་སྐབས་ཀྱི་ཕྱིར་འགྲོ་ཚད་ཆེས་མཐོ་ཤོས་ནི་ཟླ10བའི་ཚེས1ཉིན་རེད། དེའི་ཁྲོད་དུས་ཚོད་10ནས་དུས་ཚོད་12བར་རླངས་འཁོར་འཚང་ཁ་ཆེ་པའི་སྣང་ཚུལ་འབྱུང་བ་དང་། ཉིན་རེའི་རླངས་འཁོར་ཁྲི5400ལ་སླེབས་ཤིང་། གུང་གསེང་ཅུང་རིང་སྟབས། ཕྱིར་ལོག་པའི་དུས་ཚོད་ལྟོས་བཅས་ཀྱི་ཁ་འཐོར་ཡིན་ཞིང་། སྔོན་དཔག་བྱས་ན་ཚེས་6ཉིན་ཕྱིར་ལོག་པའི་དུས་སྐབས་སུ་ཁེལ་རྒྱུ་རེད། 

གསུམ་པ་ནི་ཀོང་ཏུང་དང་ཞང་ཀང། ཨོ་མིན། འབྲི་ཆུའི་ཟུར་གསུམ་གླིང་ས་ཁུལ་དུ་རླངས་འཁོར་འཚང་ཁ་ཆེ་བས་འགྲོས་ཚད་ཅུང་དལ་བ་དང་། གྲོང་ཁྱེར་ཆེ་འབྲིང་ཁག་གི་མྱུར་བགྲོད་གཞུང་ལམ་དང་། གྲོང་ཁྱེར་གྱི་གནམ་གྲུ་ཐང་དུ་བསྐྱོད་པའི་མྱུར་བགྲོད་གཞུང་ལམ་དང་མཛེས་ལྗོངས་ས་ཁུལ་གྱི་གཞུང་ལམ་ཅུའུ་ཡི་ལམ་མཚམས་ཁག་ཏུ་རླངས་འཁོར་འགྲོ་ཚད་ཅུང་མང་། ཧྲང་ཧའེ་དང་སུའུ་ཀྲིག ནན་ཅིན། ཧྲིན་ཀྲིན། ཧང་ཀྲོའུ པེ་ཅིན། ཞི་ཨན། ཁྲུང་ཆིན་སོགས་གྲོང་ཁྱེར་དང་ཉེ་འཁོར་གྱི་མྱུར་བགྲོད་གཞུང་ལམ་ཁག་ཏུ་རླངས་འཁོར་འགྲོས་ཚད་ཅུང་དལ།

གསལ་འདེབས་བྱེད་རྒྱུ་ཞིག་ལ། སྒེར་གྱི་རླངས་འཁོར་བསྐོར་ནས་འགྲོ་ན་སྔོན་ལ་འཆར་འགོད་ལེགས་པོ་བཟོ་དགོས་པ་དང་། སྒོས་སུ་མྱུར་བགྲོད་གཞུང་ལམ་དང་རླངས་འཁོར་ཕྱིར་བསྐྱོད་སའི་ལམ་བདམས་ནས་ཕྱིར་བསྐྱོད་པ་ལས། རླངས་འཁོར་འཚང་ཁ་རྒྱག་པའི་སྣང་ཚུལ་མི་འབྱུང་བར་ཞུ། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།