ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་པེ་ཅིན་ནས་འབྲེལ་ཡོད་དམངས་གཙོ་ཏང་ཁག་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་དང་བཞུགས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1600911044254012.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིན་ནས་འབྲེལ་ཡོད་དམངས་གཙོ་ཏང་ཁག་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་དང་བཞུགས་མོལ་མཛད་དེ། འབྲེལ་ཡོད་ཏང་ཁག་དང་ཚོགས་པས་ད་ལོར་སྤེལ་བའི་བཅོས་སྒྱུར་གསར་སྐྲུན་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་ཇེ་ཆེར་གཏོང་བ་ཞེས་པའི་རྟོག་ཞིབ་གྲུབ་འབྲས་ཐད་ལ་གྲོས་མོལ་མཛད།

ཝང་དབྱང་གིས་འབྲེལ་ཡོད་ཏང་ཁག་དང་ཚོགས་པས་པྲོག་གསར་གློ་ཚད་རིམས་ནད་ཀྱིས་བཟོས་པའི་ཤུགས་རྐྱེན་བསལ་ཏེ། གསར་སྐྲུན་བྱེད་ཐབས་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་སྒོས་ཞིབ་བཤེར་དང་ཞིབ་འཇུག་བྱས་པ་དང་། སྤུས་ཚད་ལེགས་པའི་སྒོ་ནས་ཞིབ་འཇུག་བྱ་གཞིའི་ལས་འགན་ཡོངས་འགྲུབ་བྱས་པར་ཁས་ལེན་གང་ལེགས་མཛད། ཁོང་གིས་གསུངས་རྒྱུར། བཅོས་སྒྱུར་གསར་སྐྲུན་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་ཇེ་ཆེར་གཏོང་བ་ནི་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་བརྗོད་གཞི་ཡིན་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་ཕྱོགས་གཉིས་འཁོར་རྒྱུག་བྱེད་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། དམངས་གཙོ་ཏང་ཁག་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་བློ་འདོན་ཇུས་འབུལ་བྱས་པར་དོན་སྙིང་གལ་ཆེན་ལྡན། འབྲེལ་ཡོད་ཏང་ཁག་དང་ཚོགས་པས་རྟོག་ཞིབ་གྲུབ་འབྲས་སྔར་ལས་འཐུང་ཚང་དུ་བཏང་ནས། ཏང་དང་སྲིད་གཞུང་གི་ཚན་རིག་དམངས་གཙོ་ཐབས་ཇུས་ཐད་ལ་ནུས་ལྡན་དཔྱད་གཞི་འདོན་སྤྲོད་བྱེད་དགོས་ཟེར།

ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་མཐུན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མེན་ཅིན་དང་ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཀང་། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་གོ་ལོས་བཅས་ཀྱིས་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད་དེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཧུར་ཐག་སྒོས་བཅོས་སྒྱུར་གསར་སྐྲུན་ལ་སྐུལ་འདེད་བཏང་་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་ཇེ་ཆེར་གཏོང་བར་དམིགས་ནས་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་གཏན་འཁེལ་བྱས་པར་གདེང་འཇོག་ཆེན་པོ་གནང་བར་མ་ཟད། དངོས་གཉེར་དྲང་བདེན་གྱི་སྲིད་ཇུས་དང་གྲོས་གཞི་རབ་དང་རིམ་པ་བཏོན།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།