ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་ཁྲུན་ཧྭ་ཧྲན་ཤིས་སུ2020ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་བྱ་འགུལ་ནང་ཞུགས་སྐབས་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་ཆེད་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ཞེས་ནན་གྱིས་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས22ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པའམ་ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧུའུ་ཁྲུན་ཧྭ་ཧྲན་ཤིས་ཞིང་ཆེན་དུ2020ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་བྱ་འགུལ་ནང་ཞུགས། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་ཞིང་ལས་ལ་དོ་ཁུར་དང་གྲོང་གསེབ་ལ་སེམས་ཁུར། ཞིང་པར་གཅེས་སྐྱོང་བཅས་བྱེད་པའི་སྣང་ཚུལ་བཟང་པོ་ཆགས་སུ་འཇུག་རྒྱུ་དང་ཁྱོན་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་ཞེས་ནན་གྱིས་བསྟན།

ཧུའུ་ཁྲུན་ཧྭ་ཡུན་ཁྲེང་གྲོང་ཁྱེར་ཝན་རུང་རྫོང་རྨ་ཆུའི་རྨོ་འདེབས་ཤེས་རིག་དངོས་མང་སྟོན་ཚོགས་གླིང་དུ་ཕེབས་ནས་སྔ་རྗེས་སུ་ཁྱད་ལྡན་ཞིང་ལས་ཐོན་རྫས་དང་ཐོན་ལས་དབུལ་སྐྱོར་སོགས་ཀྱི་འགྲེམས་སྟོན་ལ་ལྟ་སྐོར་བྱས་ཤིང་། ཞིང་པ་མང་ཚོགས་དང་མཉམ་དུ་ཞིང་པའི་སྒྱུ་རྩལ་འཁྲབ་སྟོན་ལ་བལྟས་པ་མ་ཟད། 2020ལོའི་ལོ་འཁོར་གྱི“རྒྱལ་ཡོངས་ཀྱི་ཞིང་པ་རྩེ་གྲ་བཅུ”དང་སྐབས་གཉིས་པའི“ཞིང་ལས་ལག་རྩལ་པ་ཡག་ཤོས”ཀྱི་ལག་ཁྱེར་སྤྲད་པ་རེད།

ཧྲན་ཞི་ཞིང་ཆེན་དུ་རྟོག་ཞིབ་བྱེད་པའི་རིང་། ཧུའུ་ཁྲུན་ཧྭ་ད་དུང་ལིན་ཧྥུན་གྲོང་ཁྱེར་ཧུང་ཏུང་རྫོང་དང་། ཆུས་བའོ་རྫོང་། ཡུན་ཁྲེང་གྲོང་ཁྱེར་ཝན་རུང་རྫོང་། རོས་ཁྲེང་རྫོང་བཅས་སུ་ཕེབས་ནས་ས་གནས་དེ་གའི་སྟོན་འབྲུ་ཐོན་སྐྱེད་དང་། ཞིང་ལས་ཚན་རྩལ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།