​ལིའུ་ཧོ2020ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི་བྱ་འགུལ་ནང་ཞུགས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས21ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཧོ་ཀྲུང་གོ་ཚན་རྩལ་ཁང་དུ་ཕེབས་ནས2020ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི་པེ་ཅིང་གི་ཚོགས་ར་གཙོ་བོའི་བྱ་འགུལ་ནང་ཞུགས།

ལིའུ་ཧོ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་དང་ཚན་རིག་ཁྱབ་གདལ་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་ལ། ཚན་རྩལ་གསར་གཏོད་དང་ཚན་རིག་ཁྱབ་གདལ་གཏོང་རྒྱུ་ནི་གསར་གཏོད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གཤོག་ཟུང་ཡིན་པས། ཚན་རིག་ཁྱབ་གདལ་གཏོང་རྒྱུ་དེ་ཚན་རྩལ་གསར་གཏོད་དང་གོ་གནས་གཅིག་མཚུངས་སུ་འཇོག་རྒྱུ་དང་། ཚན་རྩལ་ཁྱབ་གདལ་ལས་དོན་ལ་ཤུགས་བརྒྱབ་ནས་སྤྱི་ཚོགས་ཅན་གྱི་ཚན་རྩལ་ཁྱབ་གདལ་ལས་དོན་གྱི་རྣམ་པ་གསར་པ་གཏོད་དེ། ཚན་རིག་དང་ཚན་རིག་གི་གནད་དོན་ངོ་སྤྲོད་བྱེད་པའི་དཔེ་དེབ་མང་པོ་དཔེ་སྐྲུན་བྱས་ནས་ཚན་རིག་ཁྱབ་གདལ་སློབ་གསོའི་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས།  ཀྲུང་ལུགས་གསོ་རིག་གི་རིག་གནས་རྒྱ་ཆེ་ཞིང་གཏིང་ཟབ་པས་ཀྲུང་ལུགས་གསོ་རིག་གི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ཀྲུང་ལུགས་གསོ་རིག་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཁྲོད། མུ་མཐུད་དུ་ཚན་རྩལ་དམག་འཁྲུག་གི་ནུས་པ་མུ་མཐུད་དུ་འདོན་སྤེལ་ཡག་པོ་བྱས་ཏེ་ལག་ལེན་ཁྲོད་ཕྱོགས་སྡོམ་བྱས་པའི་དོན་ལྡན་ཉམས་མྱོང་ལ་ངོས་འཛིན་དང་བཅུད་ལེན་བྱ་དགོས། ལྟ་སྐོར་བྱེད་སྐབས། ལིའུ་ཧོ་ཡིས་རྒྱལ་ཁབ་རིམ་པའི་དབུལ་བོ་རྫོང་གི་གཞི་རིམ་ཚན་རྩལ་ལས་དོན་པའི་འཐུས་མི་དང་བརྙན་ལམ་བརྒྱུད་ནས་རྒྱ་ཆེའི་གཞི་རིམ་ཚན་རྩལ་ལས་དོན་པས་གནད་སྨིན་དབུལ་སྒྲོལ་ཐད་རམ་འདེགས་བྱས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཤིང་། ཚན་རྩལ་གྱི་སྦས་ཤུགས་འདོན་སྤེལ་བྱེད་པའི་གོ་རིམ་ཁྲོད་ཚན་རིག་ཞིབ་འཇུག་གི་བྱེད་ནུས་ཆེ་རུ་གཏོང་དགོས་ཞེས་བསྟན།

ད་ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི་བརྗོད་དོན་གཙོ་བོ་ནི“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དམངས་ཀྱི་ཆེད་དུ་ཚན་རྩལ་ལག་ལེན་དུ་བསྟར་དགོས”ཞེས་པ་དེ་ཡིན་ལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཝན་ཀང་། དེ་མིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ལས་ཁུངས་དང་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་བཅས་པེ་ཅིང་གི་ཚོགས་ར་གཙོ་བོའི་བྱ་འགུལ་ནང་ཞུགས་པ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།