ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་གི་སློབ་གསོ་སློབ་ཁྲིད་ཕྱོགས་ཡོངས་ནས་རྒྱུན་རྣམ་ལྟར་སླར་གསོ་བྱས་ཡོད་ཅེས་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས22ཉིན་སློབ་གསོ་པུའུ་ཡི་གསར་འགྱུར་མགྲིན་ཚབ་པས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཚང་མ་ཁག་བགོས་ནས་སློབ་འགོ་ཚུགས་ཟིན་པ་རེད། མིག་སྔར་མཐོ་སློབ་ཁག་གཅིག་གི་སློབ་མ་གསར་པ་ད་དུང་འབྱོར་ཐོ་འགོད་མེད་མོད། སློབ་གྲྭར་ཞུགས་ཟིན་པའི་སློབ་མའི་བསྡོམས་འབོར་དུང་ཕྱུར2.42སླེབས་པ་དེས་སློབ་མའི་བསྡོམས་འབོར་གྱི90%ཙམ་ཟིན་ལ། འདིས་སློབ་གསོའི་ཁོངས་གཏོགས་ཀྱིས་ལོ་རྒྱུས་ཀྱི་རྒྱུགས་ཆེན་ཞིག་ཐེག་ཐུབ་པ་མཚོན་པ་མ་ཟད། སྟོན་དུས་ཀྱི་སློབ་དུས་བདེ་འཇགས་དང་རྒྱུན་ལྡན། ཕྱོགས་ཡོངས་ནས་སློབ་འགོ་ཚུགས་ཏེ་ཁྱོན་ཡོངས་ནས་སློབ་གསོ་སློབ་ཁྲིད་རྒྱུན་རྣམ་ལྟར་སླར་གསོ་བྱུང་། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།