ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རང་རྒྱལ་གྱི་ནགས་ཚལ་ཁྱབ་ཚད་དུས་རབས20པའི་ལོ་རབས70ཡི12.7%ནས22.96%བར་ཆེ་རུ་ཕྱིན་ཡོད། ཉིན་ཤས་གོང་། རྒྱལ་ཡོངས་སྔོ་འགྱུར་ཨུ་ལྷན་གཞུང་དོན་ཁང་གི་ཆེད་བསྐོས་ཀྲུའུ་རེན་གཞོན་པ་ཧུའུ་ཀྲང་ཚུའེ་ཡིས། རང་རྒྱལ་གྱི་སྣོད་བཅུད་མ་ལག་གི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ་དང་སྣོད་བཅུད་འགྲན་ནུས་ཀྱང་ཆེ་རུ་ཕྱིན་ཡོད་ཅེས་བརྗོད་པ་རེད།
ཉིན་ཤས་གོང་། ཧུའུ་ཀྲང་ཚུའེ་ཡིས་ཧུའུ་ལུན་པེར་དུ་གཉེར་བའི2020ལོའི་ཀྲུང་གོའི་རྒྱལ་སྤྱིའི་སྣོད་བཅུད་འགྲན་ནུས་དབུ་ཚོགས་ཐོག་གོང་གི་གཏམ་བཤད་དེ་སྤེལ་བ་རེད།
ཁོང་གིས་མིག་སྔར་རང་རྒྱལ་གྱི་ནགས་ཚལ་ཁྱབ་ཚད22.96%ཟིན་པ་དང་། རྩྭ་ཐང་དང་རྩི་ཤིང་གི་ཕྱོགས་བསྡུས་ཁྱབ་ཚད55.7%བར་ཆེ་རུ་ཕྱིན་པ། བྱེ་འགྱུར་ས་ཆའི་རྒྱ་ཁྱོན་ལོར་ཆ་སྙོམས་སྤྱི་ཆིང་ཁྲི་19.8ཉུང་དུ་ཕྱིན་པ། འདམ་ར་སྲུང་སྐྱོང་ཐུབ་ཚད52.2%ཟིན་པ། རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་ཁྲི་1.18ཟིན་པ། དཔེ་མཚོན་གྱི་སྐམ་སའི་སྣོད་བཅུད་རིགས90%ཙམ་དང་། རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས85% རིམ་མཐོའི་རྩི་ཤིང་རིགས་ཚོགས65%བཅས་སྲུང་སྐྱོང་བྱེད་ཁོངས་སུ་བཅུག་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
རང་རྒྱལ་གྱི་སྣོད་བཅུད་མ་ལག་གི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ།