ཞིང་ལས་གྲོང་གསེབ་པུས་ཀྲུང་གོའི་མཛེས་སྡུག་སོས་དལ་གྲོང་གསེབ246འོས་སྦྱོར་བྱས་པ།

མི་དམངས་དྲ་བའི་འཕྲིན། ཚེས17ཉིན། ཞིང་ལས་གྲོང་གསེབ་པུས་པེ་ཅིང་གྲོང་ཁྱེར་ཧྲུན་དབྱི་ཆུས་སུ2020ལོའི་ཀྲུང་གོའི་མཛེས་སྡུག་སོས་དལ་གྲོང་གསེབ་ཀྱི་ཡུལ་སྐོར་སྤུས་དག་མཛེས་ལྗོངས་ལམ་ཐིག་འོས་སྦྱོར་བྱེད་སྒོ་གཉེར་བ་དང་ས་ཆ་དངོས་སུ2020ལོའི་ཀྲུང་གོའི་མཛེས་སྡུག་སོས་དལ་གྲོང་གསེབ246འོས་སྦྱོར་བྱས་པ་རེད།

བྱེད་སྒོའི་ནང་སོས་དལ་ནི་སེམས་ཁམས་ཀྱི་མྱོང་རོལ་ཡིན། ཡུལ་སྐོར་ནི་མཛེས་སྡུག་གི་མྱོང་རོལ་ཡིན། མཛེས་སྡུག་སོས་དལ་གྲོང་གསེབ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ངེས་པར་དུ་སྐྱོད་དགོས་ཡུལ་དུ་གྱུར་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ཐོན་ལས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ནས་སོས་དལ་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་བྱེད་པ་དང་། ཡུལ་སྐོར་བྱེད་མཁན་ཕྱོགས་ཡོངས་ནས་མང་དུ་གཏོང་བ། ཐོན་ལས་འཁོར་སྦྲེལ་ཕྱོགས་ཡོངས་ནས་འབྲེལ་མཐུད་བྱེད་པ་བཅས་ལ་སྐུལ་འདེད་གཏོང་བ་དང་། འདུ་ཤེས་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལས་གྲྭ་རྩེ་གྲ་གཏོད་པ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་སོས་དལ་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བཏོན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ལས་གྲོང་གསེབ་པུས་ད་བར་ཐོན་ལས་ཀྱིས་སྣེ་ཁྲིད་བྱེད་པ་དང་། སྣོད་བཅུད་སྡོད་མལ་ལ་འཚམ་པ། མཛེས་ལྗོངས་ཡིད་དུ་འོང་བ། མི་ཆོས་འཆམ་མཐུན། ལས་གསར་དམངས་ཕྱུག་བཅས་ཀྱི་ཀྲུང་གོའི་མཛེས་སྡུག་སོས་དལ་གྲོང་གསེབ1216འོས་སྦྱོར་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།