ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞི་རིམ་འཐུས་མིའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ས་གནས་ཁག་ཏུ་ཚུར་སྣང་ཆེན་པོ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་དུ་གཞི་རིམ་འཐུས་མིའི་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་ནས། ལས་རིགས་སོ་སོ་ནས་ཡོང་བའི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིས་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ཐད་བཏོན་པའི་བསམ་འཆར་དང་གྲོས་གཞིར་གསན། ཁོང་གིས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་འགོད་བཟོ་བ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གང་ཅིའི་ཐད་དང་འབྲེལ་བ་དམ་ཟབ་ཡོད་ལ། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འབྲེལ་བ་དམ་ཟབ་ཡོད་པས། ཇུས་འགོད་རྩེ་གྲས་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཐབས་ཇུས་དམངས་ལ་འདྲི་བ་རྒྱུན་འཁྱོངས་བྱ་རྒྱུ་གཉིས་གཅིག་གྱུར་བྱེད་དགོས། རྒྱ་ཆེའི་མི་དམངས་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གིས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཐབས་འདོན་ཇུས་འབུལ་བྱེད་པར་སྐུལ་མ་གཏོང་བ་དང་། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་སྒྲིག་བཟོ་བྱེད་པ་དེ་མི་དམངས་ཀྱི་འདོད་བློ་དང་མཐུན་ཞིང་། མི་དམངས་ཀྱི་བསམ་ཚུལ་དང་རེ་འདོད་དང་མཐུན་པར་སྐུལ་འདེད་གཏོང་དགོས་ཟེར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེས་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ཆེན་པོ་བྱུང་། ཚང་མས་བསྟན་དོན། ཕུགས་བསམ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དཀའ་སྤྱད་འབད་བརྩོན་བྱས་ནས་ཐུན་མོང་ཐོག་ང་ཚོའི་བདེ་སྐྱིད་འཚོ་བ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་དགོས་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་མཛད་སྐབས་ཆེད་དུ་ཐེངས་འདིའི་བཞུགས་མོལ་ཚོགས་འདུ་བསྡུས། ཚོགས་ཐོག་ནས་གྲོང་གསེབ་ཀྱི་སློབ་གསོ་ཡག་པོ་གཉེར་བ་ནས་ཐོན་ལས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་བར་གཞི་རིམ་གྱི་འཐུས་མི་བཅུ་ཡིས་སྔ་རྗེས་སུ་གཏམ་བཤད་བྱས། སྤྱི་ཁྱབ་ཧྲུའུ་ཅིས་གཏམ་བཤད་པ་རེ་རེ་ལ་ལན་བསློགས་པ་དང་། ཚང་མ་ལྷན་དུ་བསམ་ཚུལ་བརྗེ་རེས་བྱས་ཏེ་ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་པོ་བྱུང་།

མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་ནི་ང་ཚོའི་འབད་འཐབ་དམིགས་འབེན་ཡིན། ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་སྒྲིག་བཟོ་བྱེད་པར་ཇུས་འགོད་རྩེ་གྲས་ལ་ཤུགས་སྣོན་པ་དང་ཐབས་ཇུས་དམངས་ལ་འདྲི་བ་རྒྱུན་འཁྱོངས་བྱེད་པ་གཉིས་གཅིག་གྱུར་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གིས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་བློ་འདོན་ཇུས་འབུལ་བྱེད་པར་སྐུལ་མ་བཏང་། དེ་ནི་མི་དམངས་ཀྱི་འདོད་བློ་དང་མཐུན་པ་དང་མི་དམངས་ཀྱི་བསམ་འདུན་དང་མཐུན་པོ་བྱུང་ཡོད་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་ད་ལྟའི་བར་འཕེལ་རྒྱས་བྱུང་བའི་ཚུན་ལ་ཐོབ་པའི་གྲུབ་འབྲས་ནི་གནམ་ནས་ལྷུང་བ་མིན་ལ། གཞན་གྱིས་གནང་བ་ནི་དེ་བས་ཀྱང་མིན། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཏང་གི་འགོ་ཁྲིད་འོག་དཀའ་སྤྱད་དང་བློ་གྲོས། བློ་སྤོབས་བཅས་ལ་བརྟེན་ནས་བསྒྲུབས་པ་ཞིག་ཡིན་ཟེར། ཚང་མས་བསྟན་དོན། ལས་ལ་བརྩོན་པའི་སོ་སོའི་ལག་ཟུང་ལ་བརྟེན་པ་ཡིན་ན་གཞི་ནས་རང་ཉིད་ལ་དབང་བའི་མི་ཚེའི་ངོ་མཚར་བསྐྲུན་ཐུབ་ཅིང་། ཐུན་མོང་ཐོག་ང་ཚོའི་བདེ་སྐྱིད་འཚོ་བ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་ཐུབ་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།