ཀྲུང་གོ་བོད་ཀྱི་དྲ་བ།

​རང་རྒྱལ་གྱི་དྲ་རྒྱའི་བདེ་འཇགས་ཐོན་ལས་ཀྱི་འཕེལ་ཕྱོགས་ཇེ་ལེགས་སུ་ཕྱིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས16ཉིན། 2020ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་གློག་འཕྲིན་ཉིན་མོའི་བརྗོད་དོན་གཙོ་བོའི་གླེང་སྟེགས་དེ་ཀྲིན་ཀྲོའུ་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་འཚོགས། ཀྲུང་གོ་ཆ་འཕྲིན་འཕྲིན་གཏོང་ཞིབ་འཇུག་ཁང་གིས་ཐེངས་འདིའི་གླེང་སྟེགས་སྟེང《ཀྲུང་གོའི་དྲ་རྒྱའི་བདེ་འཇགས་ཐོན་ལས་ཀྱི་རྒྱབ་ཤ་དཀར་པོའི་དེབ(2020ལོ)》ཁྱབ་བསྒྲགས་བྱས་ལ། རང་རྒྱལ་གྱི་དྲ་རྒྱའི་བདེ་འཇགས་ཐོན་ལས་ན་ནིང་ལས་མགྱོགས་མྱུར་ངང་འཕར་བ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་ཕྱིན་ཡོད།

 ཀྲུང་གོ་འཕྲིན་གཏོང་ཁང་གི་ཡོན་ཀྲང་གཞོན་པ་ཝང་ཀྲི་ཆིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོ་འཕྲིན་གཏོང་ཁང་གིས་བསྡོམས་རྩིས་ཚོད་རྩིས་བྱས་པ་ལྟར་ན། 2019ལོར་རང་རྒྱལ་གྱི་དྲ་རྒྱའི་བདེ་འཇགས་ཐོན་ལས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་1563.59ཟིན་ལ། 2018ལོ་དང་བསྡུར་ན17.1%འཕར་བ་དང་སྔོན་དཔག་བྱས་ན2020ལོར་ཐོན་ལས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར1702ལ་སླེབས་རྒྱུ་རེད། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་དྲ་རྒྱའི་བདེ་འཇགས་ཐོན་ལས་ལ་སྲིད་ཇུས་ཀྱིས་སྐུལ་འདེད་དང་། ཐོན་རྫས་མ་ལག་རིམ་བཞིན་འཐུས་སྒོ་ཇེ་ཚང་དུ་བཏང་ལ། སྐྱེ་ཁམས་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བས་ཐོན་ལས་འཕེལ་རྒྱས་ལ་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱས་ཡོད།

རྒྱལ་སྤྱིའི་སྟེང་དྲ་རྒྱའི་བདེ་འཇགས་ཐོན་ལས་ཀྱི་གཞི་ཁྱོན་འཕར་ཚད་ཅུང་ཇེ་དལ་དུ་སོང་ཡོད། 2019ལོར་གོ་ལ་ཧྲིལ་པོའི་དྲ་རྒྱའི་བདེ་འཇགས་ཐོན་ལས་ཀྱི་གཞི་ཁྱོན་ཨ་སྒོར་དུང་ཕྱུར1244.01ལ་སླེབས་ཤིང་། དུས་མཚུངས་ཀྱི་འཕར་ཚད་དེ9.11%ལས་ཟིན་མེད་ལ་དེ2014ལོའི་ཚུན་གྱི་ཆེས་དམའ་ཤོས་རེད། ཡིན་ཡང་དྲ་རྒྱའི་བདེ་འཇགས་དངུལ་བསྡུ་མཉམ་ཉོའི་བྱེད་སྒོ་རྒྱུན་མཐུད་ངང་འཕེལ་བཞིན་ཡོད་པ་མ་ཟད། མ་དངུལ་བསྡུ་སྒྲིལ་དང་བསྡུ་ཉོ་སོ་སོ419དང188ལ་སླེབས་ཤིང་དེ་འབྲེལ་གྱི་མ་དངུལ་ཨ་སྒོར་དུང་ཕྱུར89དང་ཨ་སྒོར་དུང་ཕྱུར276ཟིན་ཡོད་པ་རེད།

ཐེངས་འདིའི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་གློག་འཕྲིན་ཉིན་མོའི་བརྗོད་དོན་གཙོ་བོའི་གླེང་སྟེགས་ནི“རྨང་གཞིའི་འཛུགས་སྐྲུན་གསར་པའི་རླབས་རྒྱུན་འོག་གི་དྲ་རྒྱའི་བདེ་འཇགས་གོ་སྐབས་དང་འགྲན་རྩོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། “ཀྲུང་གོའི་དྲ་རྒྱའི་བདེ་འཇགས་ཐོན་ལས་ཀྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས”ཀྱང་གླེང་སྟེགས་འདིའི་སྟེང་དྲ་ལམ་ནས་དངོས་སུ་སྤེལ་འགོ་ཚུགས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།