ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་ཀྲུང་དབྱང་ཁེ་ལས་ཀྱིས་ཞིན་སྐྱོར་ཁག་དགུ་པའི་ལས་དོན་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། ཟླ9བའི་ཚེས12ཉིན་གྱི་ཕྱི་དྲོ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་། ཀྲུང་དབྱང་ཁེ་ལས་ཀྱིས་ཞིན་ཅང་ལ་རོགས་སྐྱོར་བྱེད་པའི་ཁག་དགུ་པའི་ལས་དོན་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཝུའུ་ལུའུ་མུའུ་ཆིར་འཚོགས་པ་རེད། ཚོགས་འདུའི་ཐོག《ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་། ཀྲུང་དབྱང་ཁེ་ལས་ཀྱིས་ཞིན་སྐྱོར་ཁག་དགུ་པའི་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་ལ་གཟེངས་བསྟོད་བྱེད་རྒྱུའི་སྐོར་གྱི་བརྡ་ཁྱབ》དང《ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་། ཀྲུང་དབྱང་ཁེ་ལས་ཀྱིས་ཞིན་སྐྱོར་ཁག་དགུ་པའི་ལས་དོན་གྱི་ཕུལ་བྱུང་མི་སྒེར་ལ་གཟེངས་བསྟོད་བྱེད་རྒྱུའི་སྐོར་གྱི་གཏན་འབེབས》སྒྲོག་སྦྱངས་བྱས་ཤིང་། དེའི་ནང་མཉམ་སྡེབ44དང་མི་སྒེར182ལ་གཟེངས་བསྟོད་བྱས་པ་རེད། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་མི་སྒེར་གྱི་འཐུས་མི་དང་། རོགས་སྐྱོར་ཐོབ་པའི་ཚན་པའི་འཐུས་མིས་གཏམ་བཤད་སྤེལ་བ་རེད།

ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཞིན་ཅང་གི་བརྟན་ལྷིང་དང་འཕེལ་རྒྱས་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་ཁག་དགུ་པའི་ཀྲུང་དབྱང་ཚན་པའི་ཞིན་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཚོར་བླ་ན་མེད་པའི་གུས་འདུད་ཞུས་པ། དུས་ཡུན་རིང་པོར་ཞིན་ཅང་གི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་། ཀྲུང་དབྱང་ཁེ་ལས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

ལོ་གསུམ་རིང་ཁག་དགུ་པའི་ཀྲུང་དབྱང་ཚན་པའི་ཞིན་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཚོས་གཅེས་སེམས་ཆེན་པོ་མཐའ་མཚམས་སུ་ལེགས་སྐྱེས་ཕུལ་ནས། ཞིན་ཅང་གི་བརྟན་ལྷིང་དང་། འཕེལ་རྒྱས། འཛུགས་སྐྲུན་བཅས་རང་ཉིད་ཀྱི་ལས་འགན་དུ་བརྩིས་ནས་ཐན་ཧྲན་རི་བོའི་ལྷོ་བྱང་ཚང་མར་རྐང་རྗེས་བཞག་པ་དང་བྱེ་ཐང་དང་ཐང་རྒོད་རྔུལ་ཆུས་བརླན་ཏེ་བློ་གྲོས་དང་དཀའ་སྤྱད་ལ་བརྟེན་ནས་མི་ཚེའི་རིན་ཐང་མངོན་པ་དང་། ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་གཤིས་སྤྱོད་དང་། འགག་སྒྲོལ་དཀའ་སེལ་གྱི་ཞུམ་པ་མེད་པའི་སྙིང་སྟོབས། བློ་རྩ་བརྟན་པོས་སྒྱུར་བཅོས་བྱེད་པའི་གསར་གཏོད་ནུས་པ། བློ་གཅིག་སེམས་གཅིག་གིས་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པའི་གཞུང་ལས་པའི་བརྩེ་བ། ཏན་ཏན་ཏིག་ཏིག་དང་སྙིང་རུས་ཅན་གྱི་ལས་ཀའི་སྤྱོད་ཚུལ་བཅས་གང་ལེགས་མངོན་པར་བྱས་ཡོད། ཞིན་ཅང་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་གྱི་ལག་ལེན་དངོས་ནང་ཁོང་ཚོ་འཚར་ལོངས་བྱུང་ནས་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཚོས་ཞིན་ཅང་ལ་རོགས་སྐྱོར་བྱེད་པའི་ལས་དོན་གྱི་དུས་རབས་ཀྱི་རྒྱལ་ཁའི་གླུ་དབྱངས་བླངས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོའི་སེམས་ནང་གི་གཅེས་སུ་འོས་པའི་མིར་གྱུར་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།