མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་ཆེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཀྲུང་དབྱང་ནོར་སྲིད་ཀྱིས་ཁྱོན་སྒོར་དུང་ཕྱུར700བཀོད་སྒྲིག་བྱས་ནས་ས་གནས་ཀྱིས་གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ཏེ་སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་བཏང་ཡོད།
སྒོར་དུང་ཕྱུར379བཀོད་སྒྲིག་བྱས་ནས“གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭའི་དགེ་རྒན་གྱི་དམིགས་བསལ་ལས་གནས་འཆར་གཞི”ལག་བསྟར་གཏིང་ཟབ་བྱས་ཏེ་ས་ཁུལ་དབུལ་པོར་གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་གི་གྲུབ་ཆ་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད། 2017ལོ་ནས2019ལོ་བར་ལོ་གསུམ་བསྟུད་མར་ལོ་ལྟར་མི་ཁྲི་1གི་གདན་ཞུའི་འཆར་གཞི་མང་དུ་བཏང་ནས་ལོ་གཅིག་གི་སྔ་སྣུར་དུ་ལོ་རེར་མི་ཁྲི10གདན་ཞུ་ཐུབ་པའི་ལས་ཀའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། 2020ལོར་གདན་ཞུའི་གཞི་ཁྱོན་མི5000མང་དུ་བཏང་ནས་མི་ཁྲི10.5ཟིན་པ་དང2020ལོའི་ལོ་མཇུག་ཏུ་དབུས་ནུབ་རྒྱུད་ཀྱི་ས་ཁུལ་གྱི་དམིགས་བསལ་ལས་གནས་དགེ་རྒན་ཁྲི44ལས་བརྒལ་རྒྱུ་རེད།
སྒོར་དུང་ཕྱུར101བཀོད་སྒྲིག་བྱས་ནས“སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་རྒན་གྱི་རྒྱལ་ཁབ་རིམ་པའི་གསོ་སྦྱོང་འཆར་གཞི”ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་དབུས་ནུབ་རྒྱུད་ཀྱི་ས་ཁུལ་གྱིས་གྲོང་གསེབ་ཀྱི་སློབ་གྲྭ་དང་བུ་བཅོལ་ཁང་གི་རྐང་འཛིན་དགེ་རྒན་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུར་ཁྲིད་སྟོན་བྱས་ཡོད། 2019ལོའི་ལོ་མཇུག་བར་རིམ་རྩིས་བྱས་ན་དབུས་ནུབ་རྒྱུད་ཀྱི་ས་ཁུལ་གྱིས་དགེ་རྒན་མི་ཐེངས་ཁྲི1500ལྷག་ཙམ་གསོ་སྦྱོང་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་གྲོང་གསེབ་ཀྱི་དགེ་རྒན་ཚང་མར་གསོ་སྦྱོང་བྱས་ཡོད་པ་རེད།
སྒོར་དུང་ཕྱུར203བཀོད་སྒྲིག་བྱས་ནས་ས་གནས་ཀྱིས་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཆ་རྐྱེན་ཚང་པའི་ས་གནས་ཀྱིས་རོགས་དངུལ་སྤྲོད་པའི་ཚད་གཞི་མཐོ་རུ་གཏོང་རྒྱུར་སྐུལ་ལྕག་བྱས་པ་མ་ཟད། སློབ་གྲྭའི་དཀའ་ཚེགས་ཆེ་ཆུང་དང་ཐག་རིང་ལུང་ཁུག་གི་ཚད་གཞིར་གཞིགས་ཏེ་ཧེ་བག་ཅན་གྱི་ཁ་གསབ་རོགས་དངུལ་སྤྲད་པས་ལོ་ལྟར་གྲོང་གསེབ་ཀྱི་དགེ་རྒན་ཁྲི127ཙམ་ལ་ཕན་པ་ཐོབ་ཡོད།
སྒོར་དུང་ཕྱུར17བཀོད་སྒྲིག་བྱས་ནས“ཁུལ་གསུམ”གྱི་ཤེས་ལྡན་མི་སྣར་རྒྱབ་སྐྱོར་བྱེད་པའི་འཆར་གཞིའི་དགེ་རྒན་གྱི་ཆེད་དོན་འཆར་གཞི་དང“ལོ60ལོན་པའི་དགེ་རྒན་གྱི་སློབ་ཁྲིད”འཆར་གཞི་ལག་བསྟར་བྱས་པ་བརྒྱུད་ཕུལ་བྱུང་དགེ་རྒན་ས་ཁུལ་དབུལ་པོ་དང་། མི་རིགས་ས་ཁུལ། གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ། མཐའ་མཚམས་ས་ཁུལ་བཅས་སུ་སློབ་སྐྱོར་བྱེད་པར་བསྐྱོད་རྒྱུར་ལྕག་སྐུལ་བྱས་ཡོད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར700བཏང་ནས་གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱས་པ།