ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ལེ་ཀྲི་ཏུན་ཧྲི་ཏེང་གི་རྒྱལ་ཚབ་ཨ་ལོ་དབྱི་སི་ལ་ཀྲུང་གོ་དང་ལེ་པ་ནོན་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་གློག་འཕྲིན་སྤྲིངས་རེས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ9བའི་ཚེས14ཉིན་ལེ་ཀྲི་ཏུན་ཧྲི་ཏེང་གི་རྒྱལ་ཚབ་ཨ་ལོ་དབྱི་སི་ལ་གློག་འཕྲིན་སྤྲིངས་རེས་བྱས་ཏེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཀྲུང་ལེ་རྒྱལ་ཁབ་གཉིས་བར་བར་ཐག་ཤིན་ཏུ་རིང་ནའང་ལོ་རྒྱུས་རིག་གནས་དང་། འཕེལ་རྒྱས་ཀྱི་ཆུ་ཚད། རྒྱལ་ཁབ་ཀྱི་བོངས་ཚད་བཅས་མི་འདྲ་མོད། བར་ཐག་དང་ཁྱད་པར་གྱིས་ཕན་ཚུན་བར་གྱི་མཛའ་གྲོགས་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་འགོག་རྐྱེན་བཟོས་མེད། ཕྱི་འབྲེལ་བཙུགས་ནས་ལོ་ངོ70རིང་ཀྲུང་གོ་དང་ལེ་ཀྲི་ཏུན་ཧྲི་ཏེང་བར་གྱི་མཛའ་གྲོགས་འབྲེལ་བ་ཡུན་རིང་ངང་གཏིང་ཟབ་ཏུ་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཐུབ་ཡོད། ཀྲུང་གོ་དང་ལེ་ཀྲི་ཏུན་ཧྲི་ཏེང་བར་གྱི་འབྲེལ་བའི་ལག་ལེན་ལས་རྒྱལ་ཁབ་ཀྱི་ཆེ་ཆུང་མི་འདྲ་ནའང་རྒྱལ་ཁབ་འདྲ་མཉམ་ཡིན་པའི་རྒྱལ་སྤྱིའི་འབྲེལ་བའི་འདུ་ཤེས་གསལ་བཤད་ཡག་པོ་བྱས་ཡོད། ངས་ཀྲུང་ལེ་འབྲེལ་བར་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཨ་ལོ་དབྱི་སི་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ70འཁོར་བ་དེ་འགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ནས། ཀྲུང་གོ་དང་ལེ་ཀྲི་ཏུན་ཧྲི་ཏེང་བར་གྱི་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་བ་འབྱུང་བར་མཉམ་དུ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་པ་མ་ཟད། ཀྲུང་གོ་དང་ལེ་ཀྲི་ཏུན་ཧྲི་ཏེང་བར་གྱི་མཛའ་མཐུན་མི་རབས་ནས་མི་རབས་བར་བརྒྱུད་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།

 ཨ་ལོ་དབྱི་སིས་རྟེན་འབྲེལ་གློག་འཕྲིན་ནང་། ལོ་ངོ70རིང་ལེ་ཀྲི་ཏུན་ཧྲི་ཏེང་དང་ཀྲུང་གོ་བར་གྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་ཕྱིན་ནས་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་མང་པོར་མཉམ་ལས་ཡག་པོ་བྱས་ཤིང་ཕན་ཚུན་བར་རྒྱབ་སྐྱོར་ཡང་ཐོབ་ཡོད། ལེ་ཀྲུང་བར་གྱི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་ཕྱིན་པ་དེ་རྒྱལ་ཁབ་གཉིས་པོའི་བར་གྱི་མཛའ་གྲོགས་འབྲེལ་བ་མངོན་ལ། མིག་སྔར་འགྲན་སློང་གིས་ཁེངས་པའི་དུས་རབས་ཀྱི་རྒྱབ་ལྗོངས་འོག་དེ་བས་རྩ་ཆེན་ཞིག་རེད་ཞེས་བསྟན། །

1126492001_16000798019661n.jpg

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།