ཀྲུང་གོ་བོད་ཀྱི་དྲ་བ།

2020ལོའི་རྒྱལ་ཡོངས་ཀྱི་སྨན་བཅོས་ལམ་ལུགས་སྒྱུར་བཅོས་ཟབ་གཏོང་གི་ཉམས་མྱོང་ཁྱབ་གདལ་ཚོཌ་འདུ་དང་ཀྲུང་གོའི་འཕྲོད་བསྟེན་འཕེལ་རྒྱས་ཀྱི་མཐོ་རིམ་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།《ཀྲུང་གོའི་འཕྲོད་བསྟེན》དུས་དེབ་ཁང་དང། བདེ་ཐང་ཚགས་པར་ཁང་། ཀྲེ་ཅང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱིས་གཙོ་གཉེར་བྱས་པ་དང་ཀྲེ་ཅང་ཞིང་ཆེན་མི་དམངས་སྨན་ཁང་གིས་སྒྲུབ་གཉེར་བྱས་པའི་2020ལོའི་རྒྱལ་ཡོངས་ཀྱི་སྨན་བཅོས་ལམ་ལུགས་སྒྱུར་བཅོས་ཟབ་གཏོང་གི་ཉམས་མྱོང་ཁྱབ་གདལ་ཚོགས་འདུ་དང་ཀྲུང་གོའི་འཕྲོད་བསྟེན་འཕེལ་རྒྱས་ཀྱི་མཐོ་རིམ་ཚོགས་འདུ་ཚེས་12ཉིན་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་འཚོགས་པ་རེད།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་སྨན་བཅོས་ལམ་ལུགས་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གི་དྲུང་ཆེ་ཁྲུའི་ཀྲུའུ་རེན་གཞོན་པ་ཝང་ཧེ་ཧྲེང་གིས་ཡིག་ཐོག་གཏམ་བཤད་ནང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཚོད་བགམ་ཆེན་པོའི་ཁྲོད་གསོ་རིག་འཕྲོད་བསྟེན་མ་ལག་གིས་ཉམས་མྱོང་ཚོད་བགམ་ཐེག་ཐུབ་པ་དང་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ་གསོ་རིག་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ཟབ་གཏོང་གི་གྲུབ་འབྲས་ལ་གང་ལེགས་སྟོན་ཡོད། མི་རིགས་ཀྱི་ཐོབ་སྣང་ཆེ་རུ་གཏོང་རྒྱུ་དེ་སྒྱུར་བཅོས་ཀྱི་ཕན་འབྲས་ལ་བརྡར་ཤ་གཅོད་པའི་ཚད་གཞིར་བརྩིས་ནས་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བའི་ལམ་ལུགས་ཀྱི་འགན་ལེན་ཤུགས་ཆེར་གཏོང་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཇུས་གཞི་ཡག་པོ་བཏིང་སྟེ་སྨན་བཅོས་སྒྱུར་བཅོས་ཀྱི་རྨང་གཞི་བརྟན་གཏོང་དང་ཞན་ཆ་སེལ་བ་དང་། རྒྱ་སྐྱེད་གཏིང་ཟབ་བྱེད་པ། སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།

ཝང་ཧེ་ཧྲེང་གིས་སྨན་བཅོས་ལམ་ལུགས་སྒྱུར་བཅོས་བྱ་རྒྱུ་དེ་འཕར་ཚད་སྒྱུར་བཅོས་གཙོ་བོར་བྱེད་པ་ནས་ཉར་ཚད་ལེགས་སྒྲིག་བར་འགྱུར་ལྡོག་བཏང་སྟེ་སྤུས་ལེགས་ཐོན་ཁུངས་མཁོ་སྤྲོད་སྔར་བས་རྒྱ་ཆེར་གཏོང་བའི་རྨང་གཞིའི་ཐོག་སྨན་བཅོས་འགན་བཅོལ་དང་། སྨན་བཅོས། གསོ་བ་རིག་པའི་སྒྱུར་བཅོས་སྲིད་ཇུས་བཅས་ཀྱི་འབྲེལ་མཐུད་ནུས་ལྡན་དང་མ་ལག་འདུས་གྲུབ་སྔར་བས་ཆེ་རུ་གཏོང་དགོས་པ་དང་། འཕྲོད་བསྟེན་ཆེ་མོ་དང་བདེ་ཐང་ཆེ་མོའི་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་ནས་སྔོན་འགོག་གཙོ་བོར་བྱེད་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། སྨན་རྫས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་སྨན་རྫས་ཀྱི་ནུས་རྒྱུ་ཟད་གྲོན་གྱི་ཁུར་པོ་ཡང་དུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྨན་བཅོས་འགན་ལེན་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་འགན་ལེན་ཆུ་ཚད་མཐོ་རུ་གཏོང་བ། རིམ་དབྱེའི་སྨན་བཅོས་དང་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱིས་ཐག་ཉེ་ས་དང་སྟབས་བདེ་སར་སྨན་བཅོས་བྱེད་པར་དེ་བས་སྟབས་བདེ་སྐྲུན་པ། ལས་རྗེས་དཔྱད་ཞིབ་དང་དོ་དམ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་འཛུགས་སྐྱོང་མགྱོགས་སུ་གཏོང་བ། ཀྲུང་ལུགས་དང་ནུབ་ལུགས་གསོ་རིག་གལ་ཆེན་མཉམ་བརྩི་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་ལུགས་གསོ་བ་རིག་པའི་སྒྱུར་བཅོས་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱེད་དགོས་ཞེས་བརྗོད་པ་རེད།

ཚོགས་འདུའི་ཐོག་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྒྲིག་སྲོལ་སྒྱུར་བཅོས་སིས་ད་དུང་རྒྱལ་ཡོངས་ཀྱི་སྨན་བཅོས་ལམ་ལུགས་སྒྱུར་བཅོས་ལྟ་ཞིབ་དབྱེ་ཞིབ་ཀྱི་ལས་སྟེགས་སྟོན་པ་དང་ལས་སྟེགས་དེས་སྨན་བཅོས་ལམ་ལུགས་སྒྱུར་བཅོས་ཀྱི་འཕེལ་རིམ་དང་ཕན་འབྲས་ཐད་ཀར་དབྱེ་ཞིབ་བྱེད་ཆོག་པ་དང་དེ་ནི་སྨན་བཅོས་ལམ་ལུགས་སྒྱུར་བཅོས་ཀྱི་ཐབས་ཇུས་ལ་གཞོགས་འདེགས་དང་འབྲེལ་ཡོད་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བའི་དཔྱད་གཞི་གལ་ཆེན་ཞིག་རེད། ཚོགས་འདུའི་ཐོག་ད་དུང《ཀྲུང་གོའི་འཕྲོད་བསྟེན》དུས་དེབ་དང་བདེ་ཐང་ཚགས་པར་ཁང་གི་2019ལོ་འཁོར་གྱི“སྨན་བཅོས་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་མི་སེར་གྱི་བདེ་ཐང་ལ་ཞབས་འདེགས་ཞུ་བའི”བྱེད་ཐབས་ཆེན་པོ་བཅུའི་བྱ་དགའ་ཐོབ་པའི་ཞིང་ཆེན(གྲོང་ཁྱེར)གྱི་འཐུས་མི་དང་དེ་བཞིན“གསར་འགྱུར་གྱི་གྲགས་ཅན་མི་སྣ་བཅུ”འོས་སྦྱོར་དང་འགྲེམས་སྟོན་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།