ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་བཟོ་སྐྲུན་ལས་རིགས་ཚོགས་ཆེན་གྱི་ཅང་ཧོའེ་དྲ་ཐོག་དཔལ་འབྱོར་གླེང་སྟེགས་འགོ་ཚུགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས12ཉིན། “དྲ་ཐོག་དཔལ་འབྱོར་ལ་བརྟེན་ནས་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ”བརྗོད་དོན་གཙོ་བོར་བྱས་པའི་འཛམ་གླིང་བཟོ་སྐྲུན་ལས་རིགས་ཚོགས་ཆེན་གྱི་ཅང་ཧོའེ་དཔལ་འབྱོར་གླེང་སྟེགས་ཧོ་ཧྥེར་གཉེར་འགོ་ཚུགས་པ་རེད། ད་ཐེངས་ཀྱི་གླེང་སྟེགས་ཐོག་དྲ་ཐོག་རྣམ་པ་སྤྱད་དེ་འགོ་ཚུགས་མཛད་སྒོའི་གཙོ་དོན་གླེང་སྟེགས་ཀྱི་ཚོགས་ར་གཙོ་བོ་དང་། ཨན་ཧུའེ་ཞིང་ཆེན་གྱི་གྲོང་ཁྱེར16གི་ཡན་ལག་ཚོགས་ར་དྲ་སྦྲེལ་སྤེལ་རེས་བྱེད་རྒྱུ་དང་འབྲེལ། སྤྲིན་ཚོམ་ལས་སྟེགས་བརྒྱུད་གོ་ལ་ཧྲིལ་པོར་ཐད་གཏོང་བྱ་རྒྱུ་རེད།

སྐབས་འདིའི་འཛམ་གླིང་བཟོ་སྐྲུན་ལས་རིགས་ཚོགས་ཆེན་གྱི་ཅང་ཧོའེ་དྲ་ཐོག་དཔལ་འབྱོར་གླེང་སྟེགས་ཀྱིས་དེང་རབས་ཆ་འཕྲིན་ལག་རྩལ་སྤྱད་དེ། ཡིག་པར་དང་། བརྙན་ལམ། ཚད་གསུམ་ལངས་གཟུགས་རྣམ་པའི་ཕྱོགས་སྟོན་སོགས་ཀྱི་བྱ་ཐབས་བརྒྱུད། སྤྲིན་ཚོམ་གྱི་རྟོག་བཟོའི་འགྲེམས་ཁང་བསྐྲུན་ཏེ། སྲོལ་རྒྱུན་གྱི་དྲ་ཕྱིའི་འགྲེམས་སྟོན་ཆུ་ཚོད་24ཡི་དྲ་ཐོག་འགྲེམས་སྟོན་ལ་སྒྱུར་བ་དང་། རང་སོའི་ཁྱད་ཆོས་ལྡན་པའི་སྤྲིན་ཚོམ་འགྲེམས་སྟོན་བར་མཐོངས་གཏོད་པ། ཨན་ཧུའེ་ཡི་ཚན་རྩལ་གསར་གཏོད་དང་ཐོན་ལས་རིམ་སྤོར། དེ་བཞིན་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་གྲུབ་འབྲས་གཙོ་གནད་འགྲེམས་སྟོན་བཅས་བྱས་ཏེ། ཨན་ཧུའེ་ཞིང་ཆེན་གྱི་གྲོང་ཁྱེར16གི་ཐོན་ལས་ཁྱད་ཆོས་དང་། རྐང་འཛིན་ཁེ་ལས220ཡི་གཙོ་གནད་ཐོན་རྫས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།