ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རིག་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་མཚོ་སྔོན་ནས་ཚུར་སྣང་ཆེན་པོ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རིག་པའི་བཞུགས་མོལ་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས་ནན་བཤད་གནང་དོན། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་བྱ་རྒྱུ་དེ་སྔོན་ཆད་ཀྱི་དུས་གང་ཞིག་ལས་ཀྱང་ཚན་རིག་ལག་རྩལ་གྱི་ཐག་གཅོད་ཇུས་གཞིའི་དགོས་མཁོ་ཆེ་བར་བརྟེན། གསར་གཏོད་ཀྱི་སྒུལ་ཤུགས་ཨང་དང་པོ་འདི་སྔར་ལས་ཇེ་ཆེར་གཏོང་དགོས་གསུངས། 

བསྟུད་མུར་ཉིན་འགའི་རིང་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེར་མཚོ་སྔོན་ནས་ཚུར་སྣང་ཆེན་པོ་བྱུང་། ཚང་མས་མགྲིན་གཅིག་དབྱངས་གཅིག་གིས་ཚན་རྩལ་གསར་གཏོད་ཇེ་མགྱོགས་སུ་གཏོང་བའི་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དོན་འཁྱོལ་ནན་ཏན་བྱེད་པ། ལོ་རྒྱུས་ཀྱིས་བཀལ་བའི་ཚན་རྩལ་གསར་གཏོད་ཀྱི་ལས་འགན་ལྕི་མོ་རང་འགུལ་ངང་ཕྲག་ཏུ་འཁུར་བ། ཁ་ཕྱོགས་བཞི་རྒྱུན་འཁྱོངས་བྱས་ནས་གསར་སྐྲུན་ཞེས་པའི་སྒུལ་ཤུགས་ཨང་དང་པོ་འདི་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། འཛམ་གླིང་གི་ཚན་རྩལ་མདུན་གྲལ་ལ་ཁ་ཕྱོགས་པ་དང་། དཔལ་འབྱོར་གྱི་གཡུལ་ས་གཙོ་བོ་དང་རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཁ་ཕྱོགས་པ་བཅས་རྒྱུན་འཁྱོངས་བྱས་ནས། ཚན་རིག་ལག་རྩལ་གྱི་ཁྱབ་རྒྱ་དང་གཏིང་ཟབ་ཚད་ཟམ་མི་ཆད་པར་གོང་དུ་སྤེལ་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།