ཀྲུང་གོ་བོད་ཀྱི་དྲ་བ།

སྐོར་ཐེངས་དགུ་པའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཞིན་ཅང་ལ་རོགས་སྐྱོར་བྱས་པའི་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐོར་ཐེངས་དགུ་པའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཞིན་ཅང་ལ་རོགས་སྐྱོར་བྱས་པའི་ལས་དོན་ལ་ཕྱོགས་སྡོམ་དང་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཚེས12ཉིན་གྱི་ཆུ་ཚོད17སྟེང་ཝུའུ་ལུའུ་མུའུ་ཆི་རུ་འཚོགས་པ་རེད། ཞིན་སྐྱོར་ལས་དོན་གྱི་ཕུལ་བྱུང་མི་སྒེར182དང་ཞིན་སྐྱོར་ལས་དོན་གྱི་སྔོན་ཐོན་སྡེ་ཁག44ལ་གཟེངས་བསྟོད་ཐོབ།

ལོ་གསུམ་གྱི་རིང་ལ་སྐོར་ཐེངས་དགུ་བའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཞིན་ཅང་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣས་ཞིན་ཅང་ལ་རོགས་སྐྱོར་བྱ་རྒྱུ་ལས་འགན་དུ་བཟུང་ཞིང་ཞིན་ཅང་ཕ་ཡུལ་དུ་བརྩི་བ་དང་། ཞིན་ཅང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་འབད་བརྩོན་དང་དཀའ་སྤྱད་འབད་བརྩོན་བྱས་པ། ཞིན་སྐྱོར་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་དང་གྲུབ་འབྲས་མངོན་གསལ་དོད་པོ་འཐོབ་ཆེད། ཞིན་ཅང་གི་བརྟན་ལྷིང་འཕེལ་རྒྱས་ཀྱི་བྱ་གཞག་སྣ་ཚོགས་ལ་བྱས་རྗེས་མངོན་གསལ་དོད་པོ་ཕུལ་བ་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

གྲོས་ཚོགས་ཐོག་ཁྱབ་བསྒྲགས་བྱས་དོན། སྐོར་ཐེངས་དགུ་པའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ཀྲུང་དབྱང་ཁེ་ལས་བཅས་ཀྱི་ཞིན་སྐྱོར་ལས་བྱེད་པར་ཞིན་སྐྱོར་སྲིད་ཇུས་གལ་ཆེན168གཏན་འབེབས་བྱས་ཏེ། ཞིན་སྐྱོར་རྣམ་གྲངས་གཙོ་བོ4100ལྷག་ལག་བསྟར་བྱས་པ་དང་། རྣམ་གྲངས2500ལྷག་ཙམ་མཐུན་སྦྱོར་ནང་འདྲེན་བྱས་ལ། མ་དངུལ་སྒོར་དུང་ཕྱུར་5700ལྷག་ཙམ་བཏང་ནས་ཆུ་བེད་དང་། འགྲིམ་འགྲུལ། ནུས་རྒྱུ་སོགས་རྣམ་གྲངས་གལ་ཆེན་ཁག་གཅིག་ཞིན་ཅང་དུ་དོན་འཁྱོལ་བྱ་ཐུབ་པར་སྐུལ་འདེད་བཏང་ཡོད། དེའི་ཁྲོད་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ཞིན་ཅང་འདི་ཉིད་རྒྱལ་ཡོངས་ཀྱི་སྐོར་དང་པོའི་འགྲིམ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་ཚོད་ལྟའི་ས་ཁུལ13གྱི་གྲས་སུ་འཇུག་རྒྱུ་དང་། ཀྲུང་དབྱང་ནས་མ་དངུལ་སྒོར་དུང་ཕྱུར5.85གཏོང་སྤྲོད་བྱ་རྒྱུ་བརྩོན་ལེན་བྱས་ཏེ་ཞིན་ཅང་ལྷོ་རྒྱུད་ཀྱི་ས་ཁུལ་དང་ཁུལ་བཞིར་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ཞབས་ཞུ་ས་ཚིགས1177བསྐྲུན་པར་རྒྱབ་སྐྱོར་བྱ་རྒྱུ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་ཞིན་ཅང་གི་སྐྱེ་ཁམས་ནགས་སྲུང་བ་ཁྲི3.82བཀོད་སྒྲིག་བྱས་ཏེ་ཐད་ཀར་དུ་དབུལ་པོ་ཁྲི15.6སྐུལ་ཁྲིད་བྱས་ནས་དབུལ་སྒྲོལ་བྱེད་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཞིན་ཅང་གི་ལས་ཞུགས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར16.63ནས་སྒོར་དུང་ཕྱུར23བར་མང་དུ་གཏོང་རྒྱུའི་བརྩོན་ལེན་བྱས་པ་རེད།

 དེ་དང་ཆབས་ཅིག་ཞིན་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མངགས་གཏོང་ལས་ཁུངས་དང་ཞིན་ཅང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་བར་འགྲོ་འོང་རྒྱ་ཁྱབ་དང་། བརྩེ་སེམས་ཟབ་མོ། མཉམ་འདྲེས་ཟབ་མོ་བཅས་ཡོང་བར་སྐུལ་འདེད་བཏང་ཡོད། ལོ་གསུམ་རིང་། སྐོར་ཐེངས་དགུ་པའི་ཀྲུང་དབྱང་ལས་ཁུངས་ཀྱི་ཞིན་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་ཞིན་ཅང་གི་མི་རིགས་ཁག་གི་མང་ཚོགས་དང་ཆ་སྒྲིག་གཉེན་འཚོལ་བྱས་པའི་ཁྱིམ་ཚང481དང་དམངས་ཚོགས1634ཡོད་པ་དང་། མི་སྒེར་གྱིས་སློབ་སྐྱོར་དང་དབུལ་སྐྱོར་ཐད་ཞལ་འདེབས་ཕུལ་བའི་མ་དངུལ་རིམ་རྩིས་བྱས་ན་སྒོར་ཁྲི370ལྷག་ཙམ་ཟིན་ཡོད་པ་རེད།

 2017ལོའི་ཟླ7པར་སྐོར་ཐེངས་དགུ་པའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་ཀྲུང་དབྱང་ཁེ་ལས་ཀྱི་ཞིན་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ4600ལྷག་ཙམ་ཞིན་ཅང་དུ་ལས་ཀ་བྱེད་པར་བསྐྱོད་ཡོད། ད་ཆ་ལས་བྱེད་པ་དང་ཤེས་ལྡན་མི་སྣ་འདི་དག་གིས་ཞིན་ཅང་གི་ལས་ཀ་མཇུག་འགྲིལ་ནས་ཕྱིར་ཡོང་གྲབས་བྱེད་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།