ཀྲུང་གོ་བོད་ཀྱི་དྲ་བ།

དུས་རབས་གསར་པར་རླབས་ཆེའི་འཇར་འགོག་དམག་འཁྲུག་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་བརྩོན་བྱེད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱིས་ཚེས3ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོ་རུ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་གྱི་དམག་འཁྲུག་ལ་རྒྱལ་ཁ་བླངས་ནས་ལོ་ངོ75འགོར་བར་རྗེས་དྲན་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ་ནན་གྱིས་བསྟན་དོན། ཀྲུང་གོ་མི་དམངས་ཀྱིས་འཇར་འགོག་དམག་འཁྲུག་གི་རྒྱ་ཆེའི་འཕེལ་རིམ་ཁྲོད་རླབས་ཆེའི་འཇར་འགོག་སྙིང་སྟོབས་གསོ་སྐྱོང་བྱས་ཡོད་ཅིང་། འཛམ་གླིང་ལ་རྒྱལ་ཁབ་དར་རྒུད་ཅི་ཡོད་པ། སྐྱེ་བོ་ཀུན་ལ་འགན་འཁྲི་ཡོད་ཅེས་པའི་རྒྱལ་གཅེས་བརྩེ་སེམས་དང་། རང་སྲོག་གཏོང་བ་ངང་བ་པད་མཚོར་འཇུག་པ་ལྟར་སྣང་བའི་མི་རིགས་ཀྱི་ལ་རྒྱ། གཏུམ་བཙན་ལ་མི་སྐྲག་པར་དམར་འཛིང་མཐའ་འཁྱོལ་བར་བྱེད་པའི་དཔའ་བོའི་དཔའ་ཉམས་དང་ལན་མང་ཕམ་ཡང་དཔའ་མི་ཞུམ་ཞིང་བློ་བརྟན་འགྱུར་མེད་ཀྱི་རྣམ་པར་རྒྱལ་བའི་ཡིད་ཆེས་བཅས་གསལ་པོར་མངོན། རླབས་ཆེའི་འཇར་འགོག་སྙིང་སྟོབས་ནི་ཀྲུང་གོ་མི་དམངས་ཀྱི་ཤིན་ཏུ་རྩ་ཆེ་བའི་བསམ་པའི་རྒྱུ་ནོར་ཡིན་ལ། ཀྲུང་གོ་མི་དམངས་ལ་དཀའ་ཁག་དང་ཉེན་ཁ་ཡོད་ཚད་ཁྱད་དུ་གསོད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་བརྩོན་བྱེད་པར་ནམ་ཡང་སྐུལ་ལྕག་གཏོང་ངེས་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་ལི་ཀྲན་ཧྲུའུ། ཝང་དབྱང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཝང་ཧུའུ་ཉིང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད།

ཞི་ཅིན་ཕིང་གིས་གསུང་བཤད་ནང་དུ་བསྟན་དོན། དེ་རིང་། ང་ཚོ་འདི་རུ་གཟབ་རྒྱས་ངང་འཚོགས་ཏེ། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་གྱི་དམག་འཁྲུག་ལ་རྒྱལ་ཁ་བླངས་ནས་ལོ་ངོ75འགོར་བར་རྗེས་དྲན་ཞུ། ལོ་ངོ75ཡི་སྔོན་གྱི་དེ་རིང་། ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་མི་དམངས་དང་མཉམ་དུ། ཞུམ་པ་མེད་པའི་སྙིང་སྟོབས་དང་དཔའ་ངར་ལྡན་པའི་འཐབ་རྩོད་ཀྱིས་ཧྥ་ཞི་སི་རིང་ལུགས་རྩ་བ་ནས་ཕམ་པར་བརྒྱབ་སྟེ། དྲང་བདེན་ངན་རྩ་ལས་རྣམ་པར་རྒྱལ་བ་དང་འོད་སྣང་མུན་ནག་ལས་རྣམ་པར་རྒྱལ་བ། ཡར་རྒྱས་ལོག་སྤྱོད་ལས་རྣམ་པར་རྒྱལ་བའི་རླབས་ཆེའི་རྒྱལ་ཁ་བླངས། ལོ་ངོ75ཡི་སྔོན་གྱི་དེ་རིང་། ཀྲུང་གོ་མི་དམངས་ཀྱིས་ལོ་ངོ14ཡི་རིང་གི་དཔའ་ངར་ཞུམ་མེད་ཀྱི་ཁྲག་བཏོན་དམར་འཛིང་བརྒྱུད་དེ། གདུག་རྩུབ་ཅན་གྱི་འཇར་པན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་པ་ཕམ་པར་བརྒྱབ་ནས། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རླབས་ཆེ་བའི་རྒྱལ་ཁ་བླངས། འདི་ནི་ཉེ་རབས་སུ་ཀྲུང་གོ་མི་དམངས་ཀྱིས་ཕྱི་དགྲ་ནང་འཛུལ་བྱེད་པར་འགོག་རྒོལ་བྱེད་པའི་དུས་ཡུན་ཆེས་རིང་ཞིང་གཞི་རྒྱ་ཆེས་ཆེ་བ། ཚེ་སྲོག་བློས་བཏང་ཚད་ཆེས་མང་བའི་མི་རིགས་བཅིངས་འགྲོལ་གྱི་འཐབ་རྩོད་ཅིག་ཡིན་ལ། ཐེངས་དང་པོར་རྩ་བ་ནས་རྒྱལ་ཁ་བླངས་པའི་མི་རིགས་བཅིངས་འགྲོལ་གྱི་འཐབ་རྩོད་ཅིག་ཀྱང་རེད། རླབས་ཆེ་བའི་རྒྱལ་ཁ་འདི་ནི་ཀྲུང་ཧྭ་མི་རིགས་ཉེ་རབས་སུ་ཉེན་ཁ་ཚབས་ཆེན་དུ་ལྷུང་ནས་རླབས་ཆེན་བསྐྱར་དར་དུ་བསྐྱོད་པའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཡིན་ལ། འཛམ་གླིང་གི་ཧྥ་ཞི་སིིར་ངོ་རྒོལ་གྱི་དམག་འཁྲུག་ལ་རྒྱལ་ཁ་བླངས་པའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། འདི་ནི་ཀྲུང་གོ་མི་དམངས་ཀྱི་རྒྱལ་ཁ་ཡིན་ལ། འཛམ་གླིང་མི་དམངས་ཀྱི་རྒྱལ་ཁའང་ཡིན། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་གི་རླབས་ཆེའི་རྒྱལ་ཁ་དེ་ནམ་ཡང་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་སྟེང་བཀོད་ཡོད་ཅིང་། ནམ་ཡང་མིའི་རིགས་ཀྱི་དྲང་བདེན་བྱ་གཞག་གི་ལོ་རྒྱུས་སྟེང་བཀོད་ཡོད།

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱི་ཚབ་མཛད་དེ་རྒྱལ་ཡོངས་ཀྱི་འཇར་འགོག་དམག་འཁྲུག་ལ་ཞུགས་མྱོང་བའི་འཐབ་མོ་པ་རྒན་པ་དང་བློ་མཐུན་རྒན་པ། རྒྱལ་གཅེས་མི་སྣ་དང་འཇར་འགོག་དམག་དཔོན། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ལེན་ཆེད་ལོ་རྒྱུས་ཅན་གྱི་བྱས་རྗེས་བཞག་པའི་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོ་རྣམས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་དང་། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱབ་སྐྱོར་དང་རོགས་སྐྱོར་གནང་མྱོང་བའི་ཕྱི་རྒྱལ་གྱི་སྲིད་གཞུང་དང་རྒྱལ་སྤྱིའི་གྲོགས་པོ་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་ཞུས་ལ། རྒྱལ་ཁའི་ཆེད་དུ་དཔའ་ཉམས་ཆེན་པོས་རང་སྲོག་བློས་བཏང་བའི་རྣམ་ཤེས་ཡོངས་རྫོགས་དང་། བཙན་འཛུལ་པས་དམར་གསོད་བཏང་བའི་འདས་པོ་རྣམས་ལ་སྙིང་ནས་མྱ་ངན་ཞུས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དགུ་གཅིག་བརྒྱད་དུས་འགྱུར་གྱི་རྗེས་སུ། ཀྲུང་གོ་མི་དམངས་ཀྱིས་བྱང་ཤར་ས་ཁུལ་དུ་དཔའ་ངར་ཆེན་པོས་འགོག་རྒོལ་བྱས་པ་དེ་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་གི་མགོ་ཚུགས་སར་གྱུར་པ་དང་ལྷན་དུ། འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་གྱི་དམག་འཁྲུག་གི་མགོ་བརྩམས། བདུན་བདུན་དུས་འགྱུར་གྱི་རྗེས་སུ། བཙན་འཛུལ་ལ་ངོ་རྒོལ་དང་རྒྱལ་ཁབ་སྐྱོབ་གནས་ཐུབ་པ་དེ་ཀྲུང་གོའི་ཏང་ཁག་སོ་སོ་དང་མི་རིགས་སོ་སོ། དུས་རིམ་སོ་སོ། རིམ་པ་སོ་སོ། ཚོགས་པ་སོ་སོ་དང་རྒྱལ་ཁབ་ཕྱིའི་ཕྱི་སྡོད་རང་མི་དང་ཀྲུང་གོ་པ་བཅས་ཀྱི་ཐུན་མོང་གི་འདོད་འདུན་དང་སྤྱོད་ལམ་དུ་གྱུར་པ་དང་། དེ་ནས་བཟུང་ཀྲུང་གོ་རུ་མི་རིགས་སོ་སོས་འཇར་འགོག་བྱེད་པའི་དུས་རིམ་ལ་སླེབས་པར་མ་ཟད། འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་གྱི་དམག་འཁྲུག་གི་ཤར་ཕྱོགས་གཡུལ་ས་གཙོ་བོ་གསར་འབྱེད་བྱས། དཀའ་སྤྱད་ཚད་མེད་ཀྱི་འཇར་འགོག་དམག་འཁྲུག་ཁྲོད། ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱིས་རྒྱལ་ཁབ་ཀྱི་འཚོ་གནས་ཀྱི་ཆེད་དུ་འཐབ་རྩོད་བྱས་པ་དང་མི་རིགས་བསྐྱར་དར་གྱི་ཆེད་དུ་འཐབ་རྩོད་བྱས་ལ། མིའི་རིགས་དྲང་བདེན་གྱི་ཆེད་དུ་འཐབ་རྩོད་བྱས་པས། སྤྱི་ཚོགས་སྐུལ་སློང་གི་ཁྱབ་རྒྱ་དང་མི་རིགས་རྟོགས་སད་ཀྱི་ཟབ་ཚད། འཐབ་རྩོད་སྙིང་སྟོབས་ཀྱི་དཔའ་ངར། རྣམ་པར་རྒྱལ་བའི་ཡིད་ཆེས་བརྟན་པོ་བཅས་ཡོད་ཚད་སྔར་བྱུང་མ་མྱོང་བའི་མཐོ་ཚད་དུ་སླེབས། ཀྲུང་གོ་མི་དམངས་ཀྱིས་ངར་ལྕགས་ལྟ་བུའི་རུས་པས་དགྲ་བོར་འགོག་རྒོལ་བྱས་ཤིང་། ཤ་ཁྲག་ལས་གྲུབ་པའི་ལུས་པོས་ལྕགས་རི་རིང་པོ་བརྩིགས། སྔོན་འགྱེལ་རྗེས་མཐུད་ཀྱིས་རྒྱལ་ཁབ་དཀའ་ངལ་ལས་བསལ་ཏེ། གནམ་སར་དངངས་སྐྲག་སྐྱེ་ཞིང་ལྷ་འདྲེར་མིག་ཆུ་ཤོར་བའི་རྔམ་བརྗིད་ཆེ་བའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་བྲིས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་གི་རླབས་ཆེའི་རྒྱལ་ཁ་ཡིས་འཇར་པན་དམག་རྒྱལ་རིང་ལུགས་ཀྱིས་ཀྲུང་གོ་མི་སེར་སྤེལ་ཡུལ་དང་བྲན་དུ་བཀོལ་བའི་ལྐོག་ཇུས་རྩ་བ་ནས་གཏོར་ཞིང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཧྲིལ་པོ་ནུས་ལྡན་གྱིས་སྲུང་སྐྱོབ་བྱས་ནས། ཉེ་རབས་ཚུན་དུ་ཕྱིའི་བཙན་འཛུལ་ལ་འགོག་རྒོལ་བྱས་པར་ཕམ་ཁ་ཐེངས་མང་མྱོང་བའི་མི་རིགས་ཀྱི་ངོ་ཚ་རྩ་བ་ནས་བསལ། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་གི་རླབས་ཆེའི་རྒྱལ་ཁ་ཡིས་ཀྲུང་གོའི་འཛམ་གླིང་སྟེང་གི་རྒྱལ་ཁབ་ཆེན་མོའི་གོ་གནས་བསྐྱར་དུ་གཏན་འཁེལ་བྱས་པ་དང་། ཀྲུང་གོ་མི་དམངས་ལ་འཛམ་གླིང་གི་ཞི་བདེར་དགའ་བའི་མི་དམངས་ཀྱི་བརྩི་བཀུར་ཐོབ་ཅིང་། ཀྲུང་ཧྭ་མི་རིགས་ལ་བླ་ན་མེད་པའི་མི་རིགས་ཀྱི་སྙན་གྲགས་ཐོབ། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་གི་རླབས་ཆེའི་རྒྱལ་ཁ་བླངས་པ་དེས་ཀྲུང་གོ་མི་དམངས་ཀྱིས་མི་རིགས་རང་བཙན་དང་རང་དབང་། བཅིངས་འགྲོལ་བཅས་ལ་དམིགས་པའི་འདོད་བློ་ཇེ་བརྟན་དུ་བཏང་བ་དང་། གནའ་བོའི་ཀྲུང་གོ་དཀའ་སྡུག་གི་འགག་འཕྲང་བརྒྱུད་ནས་མཚར་སྡུག་གི་ཉི་གཞོན་བསུ་བའི་ལོ་རྒྱུས་ཀྱི་བགྲོད་ལམ་གསར་པ་ཞིག་གི་མགོ་ཚུགས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་གི་རྒྱལ་ཁ་ནི་རྒྱལ་གཅེས་རིང་ལུགས་ལྟེ་བ་ཡིན་པའི་མི་རིགས་སྙིང་སྟོབས་ཀྱི་རྒྱལ་ཁ་རླབས་ཆེན་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གིས་ཆུ་བོའི་དཀྱིལ་གྱི་ཕ་བོང་ལྟ་བུའི་ནུས་པ་བཏོན་པའི་རྒྱལ་ཁ་རླབས་ཆེན་དང་། མི་རིགས་ཡོངས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་དཔའ་ངར་ཆེན་པོས་འཇར་འགོག་བྱས་པའི་རླབས་ཆེན་རྒྱལ་ཁ། ཀྲུང་གོ་མི་དམངས་ཀྱི་ཧྥ་ཞི་སིར་རྒོལ་བའི་མནའ་འབྲེལ་རྒྱལ་ཁབ་དང་དེ་མིན་རྒྱལ་ཁབ་སོ་སོའི་མི་དམངས་དང་མཉམ་དུ་དཔུང་རྡང་སྦྲེལ་ནས་འཐབ་རྩོད་བྱས་པའི་རླབས་ཆེན་རྒྱལ་ཁ་བཅས་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་འཇར་པན་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། ཀྲུང་གོ་དང་འཇར་པན་བར་གྱི་ཡུན་རིང་ཞི་བདེ་ཡི་མཛའ་བརྩེ་འབྲེལ་བ་རྒྱུན་འཁྱོངས་བྱེད་པ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་། ཡ་གླིང་དང་ཡང་ན་འཛམ་གླིང་གི་ཞི་བདེ་བརྟན་འཇགས་སྲུང་སྐྱོང་གི་དགོས་མཁོ་དང་འཚམ། འཇར་པན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལོ་རྒྱུས་ལ་ཡང་དག་པའི་ལྟ་སྟངས་འཛིན་པ་དང་ཕྱིར་རྟོག་ཟབ་མོ་བྱེད་པ་ནི་ཀྲུང་གོ་དང་འཇར་པན་བར་གྱི་འབྲེལ་བ་གསར་དུ་འཛུགས་པ་དང་འཕེལ་རྒྱས་འགྲོ་བའི་ཆབ་སྲིད་ཀྱི་རྨང་གཞི་གལ་ཆེན་ཡིན། སྔོན་གྱི་ཉམས་མྱོང་རྗེས་ཀྱི་བཤེས་སུ་འགྱུར། ང་ཚོས་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་རྒོལ་བའི་དམག་འཁྲུག་གི་རྒྱལ་ཁར་རྗེས་དྲན་བྱེད་པ་ནི་ལོ་རྒྱུས་ཀྱི་ཉམས་མྱོང་ལེན་པ་དང་མ་འོངས་པར་ཁ་ཕྱོགས་པ། མཉམ་དུ་ཞི་བདེར་གཅེས་འཛིན་དང་ཞི་བདེར་སྲུང་སྐྱོང་བྱས་ཏེ། ཀྲུང་འཇར་རྒྱལ་ཁབ་གཉིས་ཀྱི་མི་དམངས་མི་རབས་ནས་མི་རབས་ལ་མཛའ་བརྩེ་ངང་འཚོ་བ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་དུས་གཏན་དུ་ཞི་བདེ་ཞོད་འཇགས་ངང་འཚོ་ཐུབ་པའི་ཆེད་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་བླངས་ནས་ལོ་ངོ75འགོར་བའི་རིང་། ཀྲུང་གོ་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་དེ། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་སྣེ་ཁྲིད་ནས་བརྩོན་འགྲུས་ཆེར་བསྐྱེད་དང་དཀའ་སྤྱད་ཀྱིས་ལས་དོན་ལ་འབད་པས། འཛམ་གླིང་གི་མིག་དབང་འཕྲོག་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་བཏོད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཤིང་། དབུལ་ཐར་འགག་སྒྲོལ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་དང་ཉེ་བར་བཅར་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་མདུན་ལྗོངས་ལ་འོད་སྣང་རྒྱས་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་དགོས་ན། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས། ངེས་པར་དུ་མི་དམངས་ལྟེ་བ་ཡིན་པ་རྒྱུན་འཁྱོངས། ངེས་པར་དུ་འཐབ་འཛིང་གི་སྙིང་སྟོབས་རྒྱུན་འཁྱོངས། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ་བཅས་བྱེད་དགོས། མི་སུ་ཞིག་དང་སྟོབས་ཤུགས་གང་ཞིག་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འཁྱོག་བརྗོད་དང་ཀྲུང་གོ་གུང་ཁྲན་ཏང་གི་ངོ་བོ་དང་དམིགས་ཡུལ་བཙོག་སྒྱུར་བྱེད་ན། ཀྲུང་གོ་མི་དམངས་ཀྱིས་རྩ་བ་ནས་ཁས་ལེན་མི་བྱེད། མི་སུ་ཞིག་དང་སྟོབས་ཤུགས་གང་ཞིག་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ལ་འཁྱོག་བརྗོད་དང་བསྒྱུར་བཅོས་གཏོང་བ་དང་། ཀྲུང་གོ་མི་དམངས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་རླབས་ཆེན་གྲུབ་འབྲས་ལ་ཁས་མི་ལེན་པ་དང་བཙོག་སྒྱུར་བྱེད་ན། ཀྲུང་གོ་མི་དམངས་ཀྱིས་རྩ་བ་ནས་ཁས་ལེན་མི་བྱེད། མི་སུ་ཞིག་དང་སྟོབས་ཤུགས་གང་ཞིག་གིས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་གཉིས་ཁ་འཐོར་དང་འགལ་ཟླར་ལངས་པར་བྱེད་ན། ཀྲུང་གོ་མི་དམངས་ཀྱིས་རྩ་བ་ནས་ཁས་ལེན་མི་བྱེད། མི་སུ་ཞིག་དང་སྟོབས་ཤུགས་གང་ཞིག་གིས་བཙན་ཤུགས་ལ་བརྟེན་ནས་གང་དེའི་འདོད་བློ་བཙན་གྱིས་ཀྲུང་གོར་སྦྱོར་བ་དང་། ཀྲུང་གོའི་མདུན་སྐྱོད་ཀྱི་ཁ་ཕྱོགས་ལ་འགྱུར་བ་གཏོང་བ། ཀྲུང་གོ་མི་དམངས་ཀྱིས་རང་ཉིད་ལ་བདེ་སྐྱིད་ཀྱི་འཚོ་བ་སྐྲུན་པའི་བརྩོན་པ་ལ་བཀག་འགོག་བཟོ་བར་བྱེད་ན། ཀྲུང་གོ་མི་དམངས་ཀྱིས་རྩ་བ་ནས་ཁས་ལེན་མི་བྱེད། མི་སུ་ཞིག་དང་སྟོབས་ཤུགས་གང་ཞིག་གིས་ཀྲུང་གོ་མི་དམངས་ཀྱི་ཞི་བདེའི་འཚོ་བ་དང་འཕེལ་རྒྱས་ཀྱི་དབང་ཆར་གཏོར་བརླག་བཟོ་བ་དང་། ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་གཞན་པའི་མི་དམངས་དང་འབྲེལ་འདྲིས་མཉམ་ལས་བྱེད་པར་གཏོར་བརླག་བཟོ་བ། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་ཁྱད་འཕགས་ལས་དོན་ལ་གཏོར་བརླག་བཟོ་བ་བཅས་བྱེད་ན། ཀྲུང་གོ་མི་དམངས་ཀྱིས་གཏན་ནས་ཁས་ལེན་མི་བྱེད།

ཝང་ཧུའུ་ཉིང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་ཕུགས་རྒྱང་རིང་ལ་ནང་དོན་གྱིས་ཕྱུག་ཅིང་། ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། འཐབ་ཇུས་རང་བཞིན། མཛུབ་སྟོན་རང་བཞིན་དྲག་པོ་ལྡན་པས། ང་ཚོས་ངེས་པར་དུ་ནན་ཏན་གྱིས་སློབ་སྦྱོང་དང་དོན་དངོས་ཐོག་དངོས་འབེབས་བྱེད་དགོས། ང་ཚོས་སྔར་ལས་ལྷག་པར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་བྱེད་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “རང་རྟོན་བཞི”བརྟན་པོ་བྱེད་པ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་པ་དང་དཀའ་སྤྱད་སྡུག་རུས་བྱེད་པ། སྔོན་གཤེགས་དཔའ་བོ་གྲངས་མེད་ཀྱིས་གསར་གཏོད་བྱས་པའི་ལས་དོན་རླབས་ཆེན་གྱི་མདུན་སྐྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པ། མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་བཅངས་པའི་རེ་ལྟོས་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་དགོས།

བཞུགས་མོལ་ཚོགས་འདུའི་སྟེང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་གླིང་གི་གླིང་གཙོ་ཆུས་ཆིང་ཧྲན་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནམ་ཀྲུང་དབྱང་དམག་ཨུའི་ཆབ་སྲིད་ལས་དོན་པུའུ་ཡི་ཀྲུའུ་རེན་མིའོ་ཧྭ། འཇར་འགོག་དམག་འཁྲུག་ལ་ཞུགས་མྱོང་བའི་འཐབ་མོ་པ་རྒན་པའི་འཐུས་ཚབ་པ་ཝང་ཨེན་ཐེན། ན་གཞོན་སློབ་མའི་འཐུས་ཚབ་པ་ཆན་ལིང་ཞའོ་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད།

འཇར་འགོག་དམག་འཁྲུག་ལ་ཞུགས་མྱོང་བའི་འཐབ་མོ་པ་རྒན་པ་དང་འཇར་འགོག་དམག་འཁྲུག་ནང་ཞུགས་པའི་དམག་དཔོན་གྱི་ཉེ་འབྲེལ་འཐུས་ཚབ་པ། འཇར་འགོག་དམག་འཁྲུག་ནང་ཞུགས་པའི་སྔོན་གཤེགས་དཔའ་བོའི་ཤུལ་འཛིན་འཐུས་ཚབ་པ། ཀྲུང་དབྱང་གི་ཏང་སྲིད་དམག་གསུམ་དང་མང་ཚོགས་བཅས་འབྲེལ་ཡོད་སྡེ་ཁག་དང་པེ་ཅིན་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་གྱི་འགན་འཁུར་མི་སྣ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་ཚབ་པ། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་གི་རྒྱལ་ཁའི་ཆེད་དུ་མཛད་རྗེས་བཞག་པའི་རྒྱལ་སྤྱིའི་མཛའ་བརྩེ་མི་སྣ་ཡི་ཤུལ་འཛིན་འཐུས་ཚབ་པ། རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་ཚབ་པ་སོགས་བཞུགས་མོལ་ཚོགས་འདུར་ཞུགས།

ཡང་གློག་འཕྲིན་འབྱོར་གསལ། ཟླ9པའི་ཚེས3ཉིན་གྱི་སྔ་དྲོ། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་བླངས་ནས་ལོ་ངོ75འགོར་བའི་འཇར་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོར་མེ་ཏོག་འབུལ་བའི་མཛད་སྒོ་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དྲན་གསོ་ཁང་དུ་བསྡུས། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ལས་རིགས་སོ་སོའི་འཐུས་ཚབ་པ་དང་མཉམ་དུ་མཛད་སྒོར་ཞུགས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།