ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་བརྗེ་རེས་ཚོགས་འདུ་ཐེངས128པ་ཟླ10བའི་ཚེས15ཉིན་ནས་ཚེས24ཉིན་བར་དྲ་ཐོག་ནས་སྤེལ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚོང་དོན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥུང་གིས་ཚེས10ཉིན་བཤད་རྒྱུར། ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་བརྗེ་རེས་ཚོགས་འདུ་ཐེངས128པ་ཟླ10བའི་ཚེས15ཉིན་ནས་ཚེས24ཉིན་བར་དྲ་ཐོག་ནས་སྤེལ་རྒྱུ་ཡིན་ལ་འགྲེམས་སྟོན་དུས་ཡུན་ཉིན10ཡིན་པ་རེད།

 ཚོང་དོན་པུའུ་ཡིས་ཉིན་དེར་འཚོགས་པའི་དྲ་ཐོག་གི་རྒྱུན་ལྡན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ཀའོ་ཧྥིན་གྱིས་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་བརྗེ་རེས་ཚོགས་འདུ་དེ་མུ་མཐུད་དུ་དྲ་ཐོག་ནས་སྤེལ་རྒྱུ་ཡིན་ལ། སྔར་ལས་ལྷག་པར་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་བརྗེ་རེས་ཚོགས་འདུའི་ཕྱོགས་ཡོངས་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་ལས་སྟེགས་ནུས་པ་འདོན་སྤེལ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་འོག་ཕྱི་ཕྱོགས་ཚོང་དོན་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བ། ཕྱི་ཕྱོགས་ཉོ་ཚོང་གི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འབྲེལ་ཐག་ཤར་བགྲོད་ཡོང་བ་བཅས་བྱེད་པ་དང་། ཚོང་དོན་པུའུ་ཡིས་སྔར་ལས་ལྷག་པར་འགྲེམས་ཞུགས་ཁེ་ལས་དང་ཡུལ་སྐོར་ཚོང་པར་སྤུས་ལེགས་དང་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པས། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་དང་ཚོང་པས་ཧུར་ཐག་སྒོས་ཉོ་སྒྲུབ་གྲོས་མོལ་ནང་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་ཞེས་བསྟན།

ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་བརྗེ་རེས་ཚོགས་འདུ་ནི་རང་རྒྱལ་གྱིས་ཕྱི་ཕྱོགས་སྒོ་དབྱེ་དང་རྒྱལ་སྤྱིའི་ཚོང་དོན་མཉམ་ལས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་ཞིང་། 1957ལོ་ནས་ད་རག་བར་མཚམས་ཆད་མྱོང་མེད་པ་རེད། ད་ལོའི་ཟླ6ཚེས15ནས་ཚེས24ཉིན་བར། ཐེངས127པའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་བརྗེ་རེས་ཚོགས་འདུ་དེ་དྲ་ཐོག་ཏུ་འཚོགས་པ་དེ་རང་རྒྱལ་གྱིས་ཆེས་ཐོག་མར“སྤྲིན་ཚོགས་སུ་སྤོར་བའི”བྱེད་སྒོ་ཐོག་མ་དེ་ཡིན་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།