ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སློབ་གསོ་པུའུ་གཉིས་ཀྱིས2020ལོའི“དགེ་རྒན་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་ཁྱབ་བསྒྲགས་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོ་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གཞི་རིམ་གྱི་ཕུལ་བྱུང་དགེ་རྒན་གྱི་དཔེ་མཚོན་སྔོག་འདོན་དང་དྲིལ་བསྒྲགས་བྱས་ནས་རྒྱ་ཆེའི་དགེ་རྒན་རྣམས་ཀྱི་དུས་རབས་ཀྱི་ཉམས་འགྱུར་མངོན་པ་དང་། དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་ལུགས་སྲོལ་བཟང་པོ་དར་སྤེལ་གཏོང་ཆེད། དགེ་རྒན་དུས་ཆེན་སྐབས་སོ་དྲུག་པ་སླེབས་པའི་སྐབས་སུ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སློབ་གསོ་པུའུ་གཉིས་ཀྱིས་སྤྱི་ཚོགས་ཡོངས་ལ2020ལོའི“དགེ་རྒན་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་བྱས་པ་རེད།

ཀྲང་ཝུན་ཧུང་དང་། ཝང་དབྱི། ཆི་ཧྥ་ཆི། ཀའོ་ཝུན་མིང་། ཀྲང་ཅེ། ཝང་ཞིའུ་ཞིའུ། ལིའུ་ཞིའུ་ཞང་། ཅང་ཁྲུན་ལིན། ཝང་ཧྥེ། ཧྭ་ཡུས་ཁྲེན། མ་ཝུན་ཡན་སོགས་མི་སྒེར་དང་ལིའང་ཧྲན་སློབ་སྐྱོར་རོགས་སྐྱོར་ཚོགས་པ་བཅས་ཚང་མ་ནི་སློབ་གསོའི་འཐབ་ཕྱོགས་དང་པོ་ནས་ཡོང་བའི་དགེ་རྒན་དང་ཚོགས་སྤྱི་རེད། ཁོང་ཚོའི་ཁྲོད་རིམས་ནད་འགོག་བཅོས་ཀྱི་འཐབ་ས་དང་པོར་མཚོན་ཚུལ་མངོན་གསལ་དོད་པའི་གསོ་རིག་ཁྱབ་ཁོངས་ཀྱི་དགེ་རྒན་ཡོད་ལ“སློབ་མཚམས་བཞག་ཀྱང་སློབ་སྦྱོང་དང་སློབ་ཁྲིད་མཚམས་མི་འཇོག་པར”གྲགས་མེད་འགུལ་མེད་ངང་ལེགས་སྐྱེས་འབུལ་མཁན་གྱི་འཐབ་ས་དང་པོའི་དགེ་རྒན་ཡོད་པ་མ་ཟད། སློབ་གསོའི་དབུལ་ཐར་འགག་སྒྲོལ་དམག་འཐབ་ཀྱི་ལམ་བུའི་ཐོག་འབད་འཐབ་བྱེད་པའི་གྲོང་གསེབ་ཀྱི་དགེ་རྒན་དང་སློབ་སྐྱོར་དགེ་རྒན་གྱི་འཐུས་མི་དང་། ལྟེ་བའི་ལག་རྩལ་གསར་གཏོད་བྱེད་པའི་ལས་ལ་གཞོལ་མཁན་གྱི་མཐོ་རིམ་དང་། ཞིབ་ཚགས། རྩེར་སོན་བཅས་ཀྱི་དགེ་རྒན་དཔེ་མཚོན་ཅན་ཡང་ཡོད་པས་ཁོང་ཚོས་མཐོ་རིམ་སློབ་གསོ་དང་། ལས་རིགས་སློབ་གསོ། གཞི་རྩའི་སློབ་གསོ། བྱིས་པའི་སློབ་གསོ། དམིགས་བསལ་སློབ་གསོ་བཅས་རིམ་པ་ཁག་དང་རིགས་སོ་སོའི་སློབ་གསོའི་ཁྱབ་ཁོངས་ཡོངས་སུ་ཁྱབ་ཡོད་པ་དང་། དགེ་རྒན་གྱི་ཀུན་སྤྱོད་མཚོན་ཚུལ་དང་དཔེ་ཁྲིད་མི་སྐྱོང་གི་གྲུབ་འབྲས་དངོས་མངོན་གསལ་དོད་པ་དང་བྱས་རྗེས་ཀྱིས་མི་སེམས་འགུལ་བར་བྱས་སྟབས། ཚབ་མཚོན་རང་བཞིན་དང་དཔེ་སྟོན་རང་བཞིན་ལྡན་པའི་དགེ་རྒན་དཔུང་ཁག་ལ་ཕུགས་བསམ་དང་དད་སེམས་ལྡན་པ་དང་། ཀུན་སྤྱོད་བཟང་བ། ཤེས་བྱ་ཏན་ཏིག་ལྡན་པ། བྱམས་དང་བརྩེ་བ་ལྡན་པ་བཅས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་ཡོད།

 ཁྱབ་བསྒྲགས་མཛད་སྒོ་དེ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་སུ་འཚོགས་ལ་ཡུལ་དངོས་ནས“དགེ་རྒན་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་ཀྱི་བརྙན་ཐུང་བསྟན་ལ། ཟུར་ཚད་མི་འདྲ་བའི་ཐོག་ནས་ཁོང་ཚོའི་ལས་ཀ་དང་འཚོ་བའི་མྱོང་ཚོར་བཅར་འདྲི་བྱས་པ་རེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སློབ་གསོ་པུའུ་ཡི་འགན་འཁུར་བློ་མཐུན་གྱིས་ཁོང་ཚོར“དགེ་རྒན་ཡག་ཤོས”ཀྱི་ལག་ཁྱེར་སྤྲད་པ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།