ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅོ་བརྒྱད་པའི་པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དུས་ཆེན་སྤེལ་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9བའི་ཚེས5ཉིན། དུས་ཡུན་ཉིན5ཡིན་པའི་པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དུས་ཆེན་སྐབས་བཅོ་བརྒྱད་པ་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་འགོ་ཚུགས་པ་རེད། 2020ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་ཚོང་འདུས་ཀྱི་འགྲེམས་ཁུལ་གཙོ་བོའི་གྲས་ཤིག་ཡིན་པའི་ངོས་ནས་བཤད་ན། སྐབས་འདིའི་དཔེ་དེབ་དུས་ཆེན་ནི་ཀྲུང་གོའི་པེ་ཅིང་རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་སྐབས་བཅོ་ལྔ་པ་དང་དུས་མཉམ་དུ་སྤེལ་རྒྱུ་ཡིན་པ་མ་ཟད། ཐོག་དང་པོར་དྲ་ཐོག་དང་དྲ་ཕྱི་གཉིས་ནས་མཉམ་འགུལ་སྒོས་འགྲེམ་སྤེལ་བྱ་རྒྱུ་རེད།

 ངོ་སྤྲོད་བྱས་པར་གཞིགས་ན། དཔེ་དེབ་དུས་ཆེན་སྟེང་ཁྱོན་འགྲེམས་ཁུལ13བཀོད་སྒྲིག་བྱས་ཡོད་ལ། དེའི་ནང་སྤུས་ལེགས་དཔེ་སྐྲུན་དངོས་པོའི་འགྲེམས་སྟོན་དང་། དཔེ་སྐྲུན་རྒྱལ་སྤྱིའི་སྤེལ་རེས་ཚོང་དོན་འགྲེམས་སྟོན། གྲངས་གཞིའི་དཔེ་སྐྲུན་ཉམས་ལེན་འགྲེམས་སྟོན། “ས་ཞིང་·ལོ་ཟླ·མི་དམངས”བཅས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྙེགས་པའི་པར་ལེན་འགྲེམས་སྟོན། པེ་ཅིང་གི་དཀྱིལ་འཁོར་ཐིག་དང་ལོ་རྒྱུས་ཀྱི་གླེང་ཕྱོགས་རི་མོའི་རིག་གནས་འགྲེམས་སྟོན་སོགས་ཚུད་ཡོད་པ་རེད། དེ་དང་དུས་མཚུངས་སུ་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་ཚོང་འདུས་ཀྱི་སྤྲིན་ཚོགས་ལས་སྟེགས་བརྒྱུད་དེ་དཔེ་དེབ་དང་། རིག་གནས་གསར་གཏོད། རིག་གནས་ཡུལ་སྐོར། རིག་གནས་དངོས་མང་སྟོན་ཚོགས་ཀྱི་བྲིན་ཚོང་། དངོས་ཟོག་ཐད་གཏོང་སོགས་རིག་གནས་དམངས་ཕན་གྱི་བྱེད་སྒོ་སྤེལ་རྒྱུ་རེད།

 དེ་མིན། དཔེ་དེབ་དུས་ཆེན་དེ་རྒྱལ་ཁབ་དཔེ་མཛོད་ཁང་དང་རྒྱལ་སའི་དཔེ་མཛོད་ཁང་། ས་ཁུལ་དཔེ་མཛོད་ཁང20། དངོས་ཚན་དཔེ་ཚོང་ཁང100བཅས་ཀྱིས་ཡན་ལག་ཚོགས་ར122བཙུགས་ཡོད་ལ། པེ་ཅིང་དཔེ་ཚོང་ཁང་གི་མཚན་མོ་དང་ཆེད་མཁས་པའི་འཆད་ཁྲིད་ཁང་། པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དུས་ཆེན་བཅས་སྡེ་ཁུལ་དུ་སྤེལ་བ་དང“སྤྲིན་སྤྱོད་རིག་གནས་ལ་མཐའ་མཚམས་མེད”ཅེས་པ་བརྗོད་དོན་གཙོ་བོ་ཡིན་པའི་དཔེ་ཀློག་སོགས་ཀྱི་ཆེད་དོན་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་མ་ཟད། ཀྲུང་གོ་དང་ཕྱི་རྒྱལ་གྱི་དཔེ་སྐྲུན་ཚོང་པའི་སྤེལ་རེས་ཚོགས་འདུ་སོགས་རྒྱལ་སྤྱིའི་སྤེལ་རེས་བྱ་འགུལ་སྣ་མང་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།