ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གི་ཉེན་ཁའི་འགྲན་རྩོད་དོགས་ཟོན་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་སྐོར་གྱི་དཔྱད་བརྗོད་གནད་བསྡུས་ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཆ་ཚད་ལྡན་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་ཞི་ཅིན་ཕིང་གི་ཉེན་ཁའི་འགྲན་རྩོད་དོགས་ཟོན་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་སྐོར་གྱི་དཔྱད་བརྗོད་གནད་བསྡུས་ཞེས་པའི་དཔེ་ཆ་དེ་ཉེ་ལམ་ཀྲུང་དབྱང་ཡིག་ཆའི་པར་སྐྲུན་ཁང་གིས་པར་བསྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས། 

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་རྙོག་འཛིང་གི་ཉེ་འཁོར་གྱི་ཁོར་ཡུག ལྗིད་ཅིང་དཀའ་ཚེགས་ཆེ་བའི་བཅོས་བསྒྱུར་འཕེལ་རྒྱས། གཏན་འཇགས་བཅས་ཀྱི་ལས་འགན་བཅས་ཀྱི་མདུན་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མ་མཐའི་ཚད་ཐིག་སྲུང་བའི་བསམ་བློ་རྒྱུན་འཁྱོངས་བྱས་ཤིང་། སེམས་ཁུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། སྔོན་འགོག་ཚོད་འཛིན་ནུས་པ་ཇེ་མཐོར་བཏང་ནས། གཙོ་བོ་དོགས་ཟོན་ཅན་གྱི་ཉེན་ཁ་ཆེན་པོ་ཞི་འཇགས་སུ་གཏོང་བ་དང་། དཔལ་འབྱོར་རྒྱུན་མཐུད་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བ་དང་སྤྱི་ཚོགས་ཆེ་ཕྱོགས་གཏན་འཇགས་ཡོང་བ་སྲུང་འཛིན་བྱེད་དགོས་པར་བསྟན། ཞི་ཅིན་ཕིང་གི་ཉེན་ཁའི་འགྲན་རྩོད་སྔོན་འགོག་བྱེད་པ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པར་དམིགས་ནས་དཔྱད་བརྗོད་གལ་ཆེན་རབ་དང་རིམ་པ་བཏོན་ཡོད། དཔྱད་བརྗོད་དེ་དག་གི་ནང་དོན་ཕུན་སུམ་ཚོགས་པ་དང་བསམ་བློའི་གཏིང་ཟབ་ཅིང་རྒྱ་ཆེ་བར་མངོན། ནན་ཏན་གྱིས་ཞི་ཅིན་ཕིང་གི་ཉེན་ཁའི་འགྲན་རྩོད་སྔོན་འགོག་བྱེད་པ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་དཔྱད་བརྗོད་གལ་ཆེན་ལ་སློབ་སྦྱོང་བྱེད་པ་དེ་ང་ཚོས་ཟོལ་མེད་ཀྱིས་ཉེན་ཁའི་འགྲན་རྩོད་དོགས་ཟོན་དང་ཞི་འཇགས་སུ་གཏོང་བའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་པ་དང་། མདུན་བསྐྱོད་བགྲོད་ལམ་སྟེང་གི་དཀའ་ངལ་དང་བཀག་རྒྱ་སྣ་ཚོགས་ཁྱད་དུ་བསལ་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར། 

དཔྱད་བརྗོད་གནད་བསྡུས་དེ་ཆེད་དོན་དྲུག་ཏུ་བགོས་ཡོད་པ་དང་། བསྡོམས་པས་དཔྱད་བརྗོད་ཁག་བཞི་བརྒྱ་དང་བཞི་ཡོད་པ་དེ་ཚང་མ་ཞི་ཅིན་ཕིང་གི་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་ནས་ཉིས་སྟོང་ཉི་ཤུ་ལོའི་ཟླ་བདུན་པའི་ཚེས་བཅུ་བདུན་ཉིན་བར་གྱི་གསུང་བཤད་དང་། སྙན་ཞུ། གཏམ་གླེང་། མཛུབ་སྟོན། མཆན་བཀོད་མཛུབ་སྟོན་སོགས་ཡིག་ཆ་གལ་ཆེན་བརྒྱ་དང་བརྒྱད་ཅུ་ལྷག་ལས་བཤུས་པ་ཡིན་ལ། དེའི་ནང་དཔྱད་བརྗོད་མང་བོ་ཞིག་ཐོག་དང་པོར་མངོན་གསལ་དུ་པར་བསྐྲུན་བྱས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།