ཀྲུང་གོ་བོད་ཀྱི་དྲ་བ།

2021ལོའི་ཞིབ་འཇུག་སློབ་མའི་ཡིག་རྒྱུགས་དུས་ཚོད་གཏན་འཁེལ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

640 (8).jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་བསྡུའི་ཡིག་རྒྱུགས་ཀྱི་ཐོག་མའི་ཡིག་རྒྱུགས་དུས་ཚོད་དེ2020ལོའི་ཟླ12ཚེས26ཉིན་ནས27ཉིན་བར་གྱི་སྔ་དྲོའི་ཆུ་ཚོད8དང་སྐར་མ30ནས་ཆུ་ཚོད11དང་སྐར་མ30དང་།  ཕྱི་དྲོའི་ཆུ་ཚོད14པ་ནས17བར་བཀོད་སྒྲིག་བྱ་རྒྱུ་ཡིན་ལ།  ཆུ་ཚོད3ལས་བརྒལ་བའམ་ཡང་ན་པར་རིས་སོགས་དམིགས་བསལ་བླང་བྱ་ཡོད་པའི་ཡིག་རྒྱུགས་སློབ་ཚན་དེ་ཟླ12ཚེས28ཉིན་གཏང་རྒྱུ་རེད། སློབ་གསོ་པུའུ་ས་གནས་ཁག་གི་སློབ་བསྡུའི་ལས་ཁུངས་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་ཆ་རྐྱེན་འོག་ཞིབ་འཇུག་སློབ་མའི་ཡིག་རྒྱུགས་སློབ་བསྡུའི་ལས་དོན་གཅིག་གྱུར་འཆར་འགོད་དང་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད། ཆ་རྐྱེན་འཛོམས་པའི་ཞིང་ཆེན་གྱིས་དྲ་ཐོག་ནས་མིང་ཐོ་འགོད་པ་དང་ངོས་འཛིན་བྱེད་པའི་ལས་ཀར་ཧུར་ཐག་སྒོས་ཁྱབ་སྤེལ་བྱེད་པར་བསྔགས་སྐུལ་བྱ་དགོས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།