ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཉིས་སྟོང་ཉི་ཤུ་ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་ཚོགས་འདུའི་འཛམ་གླིང་ཡོངས་ཀྱི་ཞབས་ཞུའི་ཉོ་ཚོང་མཐོ་རིམ་གྲོས་ཚོགས་སྟེང་ཞུ་ཚིག་འབུལ་རྒྱུ་རེད།

ཡོང་ཁུངས། : ཀྲུང་དབྱང་བརྙན་འཕྲིན་དྲ་བ།     སྤེལ་དུས། : 2020-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཉིས་སྟོང་ཉི་ཤུ་ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་ཚོགས་འདུའི་འཛམ་གླིང་ཡོངས་ཀྱི་ཞབས་ཞུའི་ཉོ་ཚོང་མཐོ་རིམ་གྲོས་ཚོགས་ཟླ་དགུ་བའི་ཚེས་བཞི་ཉིན་གྱི་དགོང་མོར་པེ་ཅིང་ནས་སྤེལ་རྒྱུ་ཡིན་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་རིས་བརྒྱུད་དེ་མཐོ་རིམ་གྲོས་ཚོགས་སྟེང་ཞུ་ཚིག་འབུལ་རྒྱུ་རེད། 

སྐབས་ཐོག་དེར་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་གི་ཁོངས་སུ་གཏོགས་པའི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཕྱོགས་བསྡུས་འཕྲིན་ལམ་དང་། གསར་འགྱུར་འཕྲིན་ལམ། རྒྱ་སྐད་རྒྱལ་སྤྱིའི་འཕྲིན་ལམ། ཀྲུང་གོའི་རྒྱལ་སྤྱིའི་བརྙན་འཕྲིན་ཁང་གི་ཕྱི་སྐད་འཕྲིན་ལམ་སོ་སོ། ཀྲུང་དབྱང་མི་དམངས་རླུང་འཕྲིན་ཁང་སོགས་ཀྱིས་ཡུལ་དངོས་ཐད་གཏོང་བྱེད་རྒྱུ་ཡིན་པ་དང་། ཀྲུང་དབྱང་གསར་འགྱུར་བརྙན་ལམ་དང་ཀྲུང་དབྱང་བརྙན་འཕྲིན་དྲ་ཚིགས་སོགས་སྨྱན་བྱད་གཙོ་བོས་དུས་མཉམ་དུ་ཐད་གཏོང་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།