ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་ཀྲུང་གོའི་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་རྒོལ་བའི་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ75འགོར་བར་རྗེས་དྲན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཚེས་གསུམ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཀྲུང་གོའི་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་རྒོལ་བའི་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་དོན་ལྔ་འགོར་བར་རྗེས་དྲན་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནངས་ཏེ། ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་གི་བརྒྱུད་རིམ་ཁྲོད་བྱུང་བའི་རླབས་ཆེ་བའི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་ལས་འཛམ་གླིང་ཡོངས་ལ་གནམ་འོག་གི་དར་རྒུད་ལ་མི་ཚང་མར་འོས་འགན་ཡོད་པའི་རྒྱལ་གཅེས་བརྩེ་བ་དང་། རང་སྲོག་ལ་མི་འཛེམ་པ་དང་ནམ་ཡང་མགོ་མི་སྒུར་བའི་མི་རིགས་ཀྱི་སྙིང་སྟོབས། བཙན་དྲག་ལ་མི་འཇིགས་པ་དང་དམར་འཛིང་མཐའ་འཁྱོལ་བྱེད་པའི་དཔའ་བོའི་མཛད་པ། བློ་བརྟན་འགྱུར་མེད་ཀྱི་རྒྱལ་ཁ་ངེས་པར་ལེན་པའི་འདུ་ཤེས་བཅས་མངོན་པར་བྱས་ཡོད། འཇར་འགོག་དམག་འཁྲུག་གི་རླབས་ཆེན་སྙིང་སྟོབས་ནི་ཀྲུང་གོའི་མི་དམངས་ཀྱི་བསམ་པའི་ལོངས་སྤྱོད་དཀོན་པོ་ཞིག་ཡིན་པ་དང་། དུས་ནམ་ཡིན་ཡང་ཀྲུང་གོའི་མི་དམངས་ཀྱིས་དཀའ་ཁག་གང་རུང་ཁྱད་དུ་བསལ་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་གྱི་ཆེད་དུ་འབད་འཐབ་བྱེད་པར་སྐུལ་མ་གཏོང་བཞིན་ཡོད་ཅེས་གསུངས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་། ལེ་ཀྲན་ཧྲུའུ། ཝང་དབྱང་བཅས་བཞུགས་མོལ་ཚོགས་འདུར་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ཝང་ཧུའུ་ཉིང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད། 

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། དེ་རིང་ང་ཚོས་འདི་ནས་གཟབ་རྒྱས་ཀྱི་འདུ་ཚོགས་བསྡུས་ཏེ་ཀྲུང་གོའི་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་རྒོལ་བའི་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་དོན་ལྔ་འགོར་བར་རྗེས་དྲན་བྱས། ལོ་ངོ་དོན་ལྔའི་ཡར་སྔོན་གྱི་དེ་རིང་། ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་མི་དམངས་དང་མཉམ་དུ། དཔའ་མཛངས་ཀྱིས་འཐབ་འཛིང་བྱས་ཏེ་ཧྥ་ཞི་སི་རིང་ལུགས་རྩ་བ་ནས་ཕམ་ཉེས་སུ་བཏང་ནས་དྲང་བདེན་ལོག་ཉེས་ལས་རྣམ་པར་རྒྱལ་བ་དང་འོད་གསལ་མུན་པ་ལས་རྒྱལ་བ། གོང་འཕེལ་ངོ་ལོག་ལས་རྣམ་པར་རྒྱལ་བར་བྱས། དེ་ནི་ཉེ་རབས་ཀྱི་ཚུན་ལ་ཀྲུང་གོའི་མི་དམངས་ཀྱིས་ཕྱི་དགྲའི་བཙན་འཛུལ་ལ་འགོག་རྒོལ་བྱས་པའི་དུས་ཡུན་ཆེས་རིང་ཞིང་གཞི་རྒྱ་ཆེས་ཆེ་བ་དང་། རིན་དོད་ཆེས་ཆེ་བའི་མི་རིགས་བཅིངས་འགྲོལ་གྱི་འཐབ་རྩོད་ཅིག་ཡིན་ལ། ཐོག་དང་པོར་ཕྱོགས་ཡོངས་ཀྱི་རྒྱལ་ཁ་བླངས་པའི་མི་རིགས་བཅིངས་འགྲོལ་གྱི་འཐབ་རྩོད་ཅིག་ཀྱང་ཡིན། རླབས་ཆེ་བའི་རྒྱལ་ཁ་དེ་ནི་ཀྲུང་ཧྭ་མི་རིགས་ཀྱིས་ཉེ་རབས་ཉམས་ཉེན་ཀྱི་གནས་ལ་རླབས་ཆེན་བསྐྱར་དར་གྱི་ལམ་དུ་བགྲོད་པའི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་ཡིན་པ་དང་། འཛམ་གླིང་གི་ཧྥ་ཞི་སིར་རྒོལ་བའི་འཐབ་འཁྲུག་རྒྱལ་ཁའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་རེད། དེ་ནི་ཀྲུང་གོའི་མི་དམངས་ཀྱི་རྒྱལ་ཁ་ཞིག་ཡིན་པར་མ་ཟད། འཛམ་གླིང་མི་དམངས་ཀྱི་རྒྱལ་ཁའང་ཡིན་པ་རེད་ཅེས་གསུངས།

ཞི་ཅིན་ཕིང་གིས་གསུང་དོན། བདག་གིས་འདི་ནས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་བྱས་ཏེ། རྒྱལ་ཡོངས་ཀྱི་འཇར་འགོག་དམག་འཁྲུག་ལ་ཞུགས་མྱོང་བའི་འཐབ་མོ་བ་རྒན་པ་དང་། བློ་མཐུན་རྒན་པ། རྒྱལ་གཅེས་མི་སྣ། འཇར་འགོག་དམག་དཔོན་བཅས་དང་། ཀྲུང་གོའི་མི་དམངས་འཇར་འགོག་དམག་འཁྲུག་གི་རྒྱལ་ཁའི་ཆེད་དུ་ལོ་རྒྱུས་རང་བཞིན་ལྡན་པའི་བྱས་རྗེས་བཞག་ཡོད་པའི་རྒྱལ་ཁབ་ཕྱི་ནང་གི་ཀྲུང་གོའི་བུ་དང་བུ་མོ་བཅས་ལ་བླ་མེད་ཀྱི་གུས་འདུད་ཞུས་པ་ཡིན། ཀྲུང་གོའི་མི་དམངས་འཇར་འགོག་དམག་འཁྲུག་ལ་རོགས་རམ་བྱས་མྱོང་བའི་ཕྱི་རྒྱལ་གྱི་སྲིད་གཞུང་དང་རྒྱལ་སྤྱིའི་གྲོགས་པོར་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་ཡིན། དེ་མིན་རྒྱལ་ཁའི་ཆེད་དུ་རང་སྲོག་བློས་བཏང་བའི་དཔའ་བོ་དག་དང་བཙན་འཛུལ་མཁན་གྱིས་དམར་གསོད་བཏང་བའི་འདས་པོ་རྣམས་ལ་མྱ་ངན་ཞུས་པ་ཡིན་ཞེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་མི་དམངས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་དོན་ལྔ་འགོར་བའི་རིང་ལ། ཀྲུང་གོར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་སྤྱད་ལས་སྐྲུན་བྱས་ནས་འཛམ་གླིང་ཧྲིལ་བོས་ཡིད་སྨོན་བྱེད་པའི་འཕེལ་རྒྱས་གྲུབ་འབྲས་གསར་བསྐྲུན་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་གསར་གཏོད་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་བསླེབ་ཡོད་ལ། དབུལ་ཐར་མཁྲེགས་གཏོར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་བཞིན་ཡོད་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་འོད་སྟོང་ལྡན་པའི་མདུན་ལྗོངས་ཡོད་ཅེས་གསུངས། 

ཝང་ཧུའུ་ཉིང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དམིགས་པ་རྒྱང་རིང་ཞིང་ནང་དོན་ཕུན་སུམ་ཚོགས་ལ། ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། འཐབ་ཇུས་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ངེས་ཅན་ལྡན་པས། ང་ཚོས་ངེས་པར་དུ་ནན་ཏན་གྱིས་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་། ལག་ལེན་དངོས་འབེབ་གང་ལེགས་བྱེད་དགོས། ང་ཚོ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཤིང་། ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་། ནན་ཏན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབས་པ། དཀའ་སྤྱད་སྡུག་རུས་དང་འབད་འབུངས་ཡར་བརྩོན་གྱིས་སྔོན་གཤེགས་དཔའ་བོ་གྲངས་མེད་ཀྱིས་གསར་འབྱེད་བྱས་པའི་རླབས་ཆེན་ལས་དོན་ལ་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ། མི་དམངས་ཀྱི་མཛེས་སྡུག་འཚོ་བའི་རེ་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་གསུངས། 

བཞུགས་མོལ་ཚོགས་འདུའི་སྟེང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་ཞིབ་འཇུག་ཁང་གི་ཡོན་ཀྲང་ཆུས་ཆིན་ཧྲན་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་པུའུ་ཡི་ཀྲུའུ་རིན་མེའོ་ཧྭ། འཇར་འགོག་དམག་འཁྲུག་ལ་ཞུགས་མྱོང་བའི་འཐབ་མོ་བ་རྒན་པའི་འཐུས་མི་ཝང་ཨིན་ཐེན། ན་གཞོན་སློབ་མའི་འཐུས་མི་ཆན་ལིན་ཞའོ་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་སྤེལ། 

ཏེན་ཞོས་ཞང་དང་། ཝང་ཁྲིན། ཞུའུ་ཆི་ལིང་། ཀྲང་ཡུག་ཞཱ། ཧོང་ཁོན་མེན། ཚེ་ཆི། ཁྲིན་ཀྲུའུ། ཞའོ་ཅེ། ཀྲང་ཆིན་ལོས་བཅས་བཞུགས་མོལ་ཚོགས་འདུར་ཞུགས། 

འཇར་འགོག་དམག་འཁྲུག་ལ་ཞུགས་མྱོང་བའི་འཐབ་མོ་བ་རྒན་པ་དང་འཇར་འགོག་དམག་འཁྲུག་གི་དམག་དཔོན་གྱི་ཁྱིམ་མིའི་འཐུས་མི་དང་། འཇར་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོའི་ཁྱིམ་མིའི་འཐུས་མི། ཀྲུང་དབྱང་ཏང་སྲིད་དམག་གསུམ་དང་མང་ཚོགས་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། པེ་ཅིང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཀྲུང་གོའི་མི་དམངས་འཇར་འགོག་དམག་འཁྲུག་གི་རྒྱལ་ཁའི་ཆེད་དུ་བྱས་རྗེས་བཞག་མྱོང་བའི་རྒྱལ་སྤྱིའི་གྲོགས་པོའི་ཁྱིམ་མིའི་འཐུས་མི། རྒྱལ་སའི་ལས་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་མི་བཅས་བཞུགས་མོལ་ཚོགས་འདུར་ཞུགས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།