ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་ནོར་སྲིད་ཀྱིས་ཞིང་ལས་ཐོན་སྐྱེད་དང་ཆུ་བེད་རྒུད་སྐྱོབ་ཐད་མ་དངུལ་སྒོར་དུང་ཕྱུར8བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས3ཉིན་གསར་འགོད་པས་ནོར་སྲིད་པུའུ་ནས་ཤེས་གསལ་ལྟར་ན། ཀྲུང་དབྱང་ནོར་སྲིད་པུས་ཉེ་སྔོན་ཞིང་ལས་ཐོན་སྐྱེད་དང་ཆུ་བེད་རྒུད་སྐྱོབ་ཐད་མ་དངུལ་སྒོར་དུང་ཕྱུར8བཏང་ནས། ས་གནས་སོ་སོས་དུས་ཐོག་ཏུ་ཆུ་ལོག་དང་ཞོད་སྐྱོན་གྱི་གེགས་སེལ་འབྲེལ་ཡོད་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་པ་རེད།

 ཉེ་སྔོན་ནོར་སྲིད་པུས་ཞིང་ལས་གྲོང་གསེབ་པུའུ་དང་ཆུ་བེད་པུའུ་སོགས་དང་མཉམ་དུ་ས་གནས་ཁག་གི་གནོད་འཚེ་ཕོག་ཚུལ་དང་གནོད་སྐྱོན་བྱུང་ཚུལ་ལ་མགྱོགས་མྱུར་བཀོད་གཏོང་བྱས་ཏེ། དུས་ཐོག་ཏུ་མ་དངུལ་བགོ་བཤའི་ཇུས་གཞིར་ཞིབ་འཇུག་བྱས་པ་རེད། བྱེ་བྲག་ཏུ་བལྟས་ན། ད་ཐེངས་གཤམ་གཏོང་བྱས་པའི་མ་དངུལ་དེ་ཨན་ཧུའེ་དང་། སི་ཁྲོན། ཁྲུང་ཆིང་སོགས་ཞིང་ཆེན(གྲོང་ཁྱེར)11གི་གནོད་འཚེ་ཕོག་ཁུལ་དུ་ཆུས་གཏོར་སྐྱོན་ཕོག་པའི་ཆུ་བེད་སྒྲིག་བཀོད་བསྐྱར་གསོ་དང་ཞིང་ལས་སྐྱེ་དངོས་ཀྱི་ས་བོན་སྒྱུར་བཀོད་དང་གསབ་འདེབས། ཕྱུགས་ལས་དང་ཉ་ལས་གནོད་འཚེ་བྱུང་རྗེས་ཀྱི་ཐོན་སྐྱེད་སླར་གསོ་བྱེད་པ་སོགས་སུ་སྤྱོད་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།