ཀྲུང་གོ་བོད་ཀྱི་དྲ་བ།

གོམ་སྟབས་ཆེན་པོས་དུས་རབས་གསར་པའི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་སྟེང་བསྐྱོད་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་བྱ་བར་ཐུགས་ཁུར་གནང་བའི་དངོས་བྲིས།    

གནས་འདི་ནི་ངོ་མཚར་སྟོང་གིས་ཕྱུག་པའི་མཐོ་སྒང་ཞིག་སྟེ། རི་བོ་སྟོང་ཕྲག་ཀྲོང་ངེར་འགྱིང་ཞིང་ཆུ་བོ་ཁྲི་ཕྲག་ཤང་ཤང་བཞུར།

གནས་འདི་ནི་བརྗིད་ཉམས་ཀྱིས་ཕྱུག་པའི་ཡུལ་གྲུ་ཞིག་སྟེ། མྱ་ངམ་གྱི་གཉུག་མའི་ཐང་ནས་མཚར་སྡུག་གི་ཡོ་ལང་རྒྱས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་བོད་ལྗོངས་བྱ་བར་འཕྲད་པའི་གནས་བབ་ལ་དབྱེ་ཞིབ་བྱས་ཏེ། གཞུང་ལུགས་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པ་ཞིག་གཏིང་ཟབ་ཀྱིས་རྒྱས་འགྲེལ་གནང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ཁྲོད་བོད་ལྗོངས་བྱ་བ་བཀོད་སྒྲིག་དང་སྐུལ་སྤེལ་བྱས་ནས། དུས་རབས་གསར་པའི་བོད་ལྗོངས་བྱ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་བསྟན་ཅིང་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས།

དབྱར་ཁ་མཇུག་རྫོགས་ཏེ་སྟོན་ཚུགས་མ་ཐག་ཏུ། ནམ་མཁའ་གཡའ་དག་ཅིང་བསིལ་རླུང་དལ་གྱིས་ལྡང་བ་དང་། སྐལ་བཟང་མེ་ཏོག་གང་སར་བཞད་ལ། མཐོ་སྒང་ས་གཞི་ཆེན་མོར་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། མཛེས་པའི་ཡུལ་ལྗོངས་ནི་རི་མོ་ཞིག་དང་ཀུན་ནས་མཚུངས།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་དང་མཛའ་བརྩེའི་ཐུགས་ཁུར་འོག བོད་ལྗོངས་ཀྱི་རིགས་སོ་སོའི་བུ་བུ་མོ་རྣམས་སྤོབས་པ་ཆེར་སྐྱེད་ཀྱིས་ལག་རྡང་སྦྲེལ་ཏེ་གོམ་སྟབས་ཆེན་པོས་དུས་རབས་གསར་པའི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་སྟེང་དུ་བསྐྱོད།

ཏང་གི་བཀའ་དྲིན་སེམས་ལ་འཛིན།

—བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མིག་རྒྱང་རིང་དུ་གཏད་དེ་ཇུས་ཆེན་བཀོད་སྒྲིག་གནང་ནས་དུས་རབས་གསར་པའི་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་པོ་བསྟན།

བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར318རྒྱལ་ལམ་གྱི་འགྲམ་དུ། ལྷ་ཤིང་ཤུག་པ་སྔོ་ཐིང་ཐིང་ངང་ཀེ་རེར་སྐྱེས་ཡོད་ཅིང་། བྲག་ཕྱིབས་གྲོང་ཚོ་སྡོད་དམངས་དེའི་ཁྲོད་མཐོང་ཡང་མི་ཐུབ་པའི་ཚད་རེད།

ཐག་ཉེ་རིང་ཀུན་ཏུ་མིང་གྲགས་ཆེ་བའི་སྡེ་བ་ཕྱུག་པོ་ཡིན་པའི་ཆ་ནས། བྲག་ཕྱིབས་གྲོང་ཚོའི2019ལོའི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི1200ལས་བརྒལ་ཡོད་པ་དང་། གྲོང་ཚོའི་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་རྐྱང་བ་སྒོར་ཁྲི3.4རེ་ཡོད།

བོད་ལྗོངས་ཀྱི་གྲོང་ཚོ་ཆུང་ཆུང་འདིར་བློ་མཐུན་ཞི་ཅིན་ཕིང་སྔོན་ཆད་ཐེངས་གཉིས་ལ་ཕེབས་མྱོང་བར་མ་ཟད། “ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་རོགས་བྱས་ནས། འབངས་མི་སེར་གྱི་འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་དུ་འགྲོ་རུ་འཇུག་དགོས”ཞེས་མངག་བཅོལ་གནང་།

“སྤྱི་ཁྱབ་ཧྲུའུ་ཅིའི་གསུངས་ལྟར། ང་ཚོས་ནུས་ཤུགས་ཡོད་རྒུས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བ་དང་། ཕྱུག་འགྱུར་གྱི་ལམ་བུའི་སྟེང་མི་གཅིག་ཀྱང་བསྐྱུར་མེད”ཅེས་བྲག་ཕྱིབས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་མིག་དམར་གྱིས་དེ་ལྟར་བརྗོད།

རི་བོ་ཧི་མ་ལ་ཡའི་ཕ་མཐར་བརྐྱངས་པའི་རི་ཚོགས་ཀྱི་མུ་ཁྱུད་ཚར་དུ་དངར་ཞིང་། ཤེལ་དཀར་གྱི་མཆོད་རྟེན་བཞེངས་འདྲའི་རི་རྩེ་རེ་རེ་གནམ་ལ་ཀེར་ཡོད་པ་ལས། ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་འོག་གི་བསིལ་མོ་ལྗོངས་འདིའི་འཕེལ་འགྱུར་དཔང་དུ་བྱས་ནས་ཟིན་ཐོར་བཀོད་ཡོད།

བོད་ལྗོངས་ཞི་བས་བཅིངས་འགྲོལ་བྱས་པའི་ཉེ་བའི་ལོ་ངོ70ཡི་རིང་ལ། སྐབས་རེའི་ཀྲུང་དབྱང་གི་མགོ་ཁྲིད་ཐུན་མོང་གིས་བོད་ལྗོངས་བྱ་བར་མཐོང་ཆེན་དང་བོད་ལྗོངས་མི་དམངས་ལ་ཐུགས་ཁུར་བླ་ལྷག་གནང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་ལངས་ཏེ། བོད་ལྗོངས་རྒྱལ་ཡོངས་དང་ལྷན་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་དང་དེང་རབས་ཅན་མངོན་འགྱུར་བྱེད་པར་དམིགས་ནས། དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ལ་སེམས་ཤུགས་མང་པོ་བཏོན་ཡོད།

རང་རྒྱལ་གྱི་གལ་ཆེ་བའི་མཐའ་མཚམས་ཀྱི་མི་རིགས་ས་ཁུལ་ཡིན་པའི་ཆ་ནས། བོད་ལྗོངས་ནི་ས་བབ་མཐོ་ལ་དབྱང་དབུགས་ཉུང་བ། ས་མཐའི་ཡུལ་གྲུར་གཏོགས་པའི་རྐྱེན་གྱིས། ཁ་བྲལ་ངོ་རྒོལ་འཐབ་རྩོད་ཀྱི་འགན་འཁྲི་རབ་ཏུ་ལྕི།

དམིགས་བསལ་གྱི་རང་བྱུང་ས་བབ་དང་ལོ་རྒྱུས་རྒྱུ་རྐྱེན་གྱི་དབང་གིས། བོད་ལྗོངས་ནི་རྒྱལ་ཁབ་བཅོས་སྐྱོང་འཐུས་ཚང་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་འབྱུང་བ། དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་པ་བཅས་ཀྱི་དཀའ་གནད་དང་གཙོ་གནད་དུ་གྱུར་ཡོད་པ་ཐག་གིས་ཆོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བོད་ལྗོངས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་ཡུན་རིང་བདེ་འགོད་ཀྱི་གནད་འགག་གི་དུས་རིམ་དུ་སླེབས། བོད་ལྗོངས་འཆམ་མཐུན་བརྟན་བརླིང་ཡོང་བར་སྲུང་སྐྱོབ་བྱེད་པ་དང་། བོད་ལྗོངས་དར་སྤེལ་དང་ཡར་ཐོན་ཡོང་བ་མངོན་འགྱུར་བྱེད་པ་ནི་བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་རེ་ལྟོས་བྱེད་ས་ཡིན་ལ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་འདོད་འདུན་ཡང་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གིས་དུས་རབས་གསར་པར་བོད་ལྗོངས་ཇི་ལྟར་བཅོས་སྐྱོང་བྱེད་པ་དང་། གོམ་གང་མདུན་སྤོས་ཀྱིས་བོད་ལྗོངས་ཡུན་རིང་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་གཏོང་བ། བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་བཅངས་པའི་རེ་སྙེག་མངོན་འགྱུར་བྱེད་པ་བཅས་ལ་དགོངས་པ་ཟབ་མོ་གནང་ཡོད།

“རྒྱལ་ཁབ་བཅོས་སྐྱོང་བྱེད་ན་ངེས་པར་དུ་མཐའ་མཚམས་བཅོས་སྐྱོང་བྱེད་དགོས། མཐའ་མཚམས་བཅོས་སྐྱོང་བྱེད་ན་སྔོན་ལ་བོད་ལྗོངས་བརྟན་འཇགས་ཡོང་དགོས།”

2013ལོའི་ཟླ3པར། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་དང་པོའི་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐའ་མཚམས་སྐྱོང་བ་དང་བོད་ལྗོངས་བརྟན་འཇགས་གཏོང་དགོས་པའི་རྒྱས་བཤད་གལ་ཆེན་གསལ་པོར་བཏོན་ནས། བོད་ལྗོངས་བྱ་བས་མཐའ་མཚམས་བཅོས་སྐྱོང་དང་རྒྱལ་ཁབ་བཅོས་སྐྱོང་ཁྲོད་དམིགས་བསལ་གྱི་གོ་གནས་ཟིན་ཡོད་པ་ནན་གྱིས་བསྟན།

2015ལོའི་ཟླ8པ། པེ་ཅིན།

ཏང་གི་བོད་ལྗོངས་བྱ་བའི་ལོ་རྒྱུས་སྟེང་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་སྟེ། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས། ཐེངས་འདིའི་གྲོས་ཚོགས་གལ་ཆེན་གྱི་སྟེང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཏང་གི་བོད་ལྗོངས་བཅོས་སྐྱོང་ཐད་ཀྱི་ཐབས་ཇུས་ཞིབ་མོར་གསུངས་པ་སྟེ།

ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས། མི་རིགས་ས་ཁོངས་ཀྱི་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བཅས་བྱེད་དགོས།

ངེས་པར་དུ་རྒྱལ་ཁབ་སྐྱོང་ན་སྔོན་ལ་མཐའ་མཚམས་སྐྱོང་བ་དང་། མཐའ་མཚམས་སྐྱོང་ན་ཐོག་མར་བོད་ལྗོངས་བརྟན་འཇགས་ཡོང་དགོས་པའི་འཐབ་ཇུས་དགོངས་པ་རྒྱུན་འཁྱོངས་བྱས་ནས། ཁྲིམས་ལྟར་བོད་ལྗོངས་སྐྱོང་བ་དང་མི་དམངས་ཕྱུག་པོར་བཏང་ནས་བོད་ལྗོངས་དར་རྒྱས་སུ་གཏོང་བ། དུས་ཡུན་རིང་པོར་བོད་ལྗོངས་འཛུགས་སྐྲུན་བྱེད་པ། མི་སེམས་གཅིག་ཏུ་སྒྲིལ་བ། རྨང་གཞི་བརྟན་པོར་འདིང་བ་བཅས་ཀྱི་རྩ་དོན་གལ་ཆེན་རྒྱུན་འཁྱོངས་བྱེད་དགོས།

ངེས་པར་དུ་བོད་ལྗོངས་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་གྱི་འགལ་ཟླ་དམ་པོར་བཟུང་སྟེ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་ཏུ་སྒྲིལ་བ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མགོ་འཛིན་ས་དང་གཞི་འབབ་སར་བཟུང་ནས། ཏཱ་ལའི་ཚོགས་པར་འཐབ་རྩོད་བྱེད་པའི་བྱེད་ཕྱོགས་དང་སྲིད་ཇུས་ལ་ནམ་ཡང་འགྱུར་བ་མེད་པ་རྒྱུན་འཁྱོངས་བྱེད་དགོས།

ངེས་པར་དུ་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་བརྒྱབ་སྟེ་རིགས་སོ་སོའི་མང་ཚོགས་ཀྱིས་རླབས་ཆེའི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཟུང་བའི་ངོས་ཟིན་རྒྱུན་ཆད་མེད་པར་གོང་དུ་སྤེལ་དགོས།

ངེས་པར་དུ་ཀྲུང་དབྱང་གིས་ཐུགས་ཁུར་གནང་བཞིན་པ་དང་རྒྱལ་ཡོངས་ཀྱིས་རོགས་སྐྱོར་གནང་བཞིན་པ་དེ་བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཀའ་སྤྱད་འབད་བརྩོན་བྱེད་ཀྱིན་པ་དང་དམ་དུ་སྦྲེལ་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་པོ་གཉིས་གཅིག་གྱུར་འཆར་འགོད་བྱེད་པའི་ཁྲོད་བོད་ལྗོངས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས།

ངེས་པར་དུ་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ལས་བྱེད་པའི་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ཏེ། ཏང་གིས་བོད་ལྗོངས་ནས་སྲིད་སྐྱོང་བའི་རྨང་གཞི་བརྟན་པོར་གཏོང་དགོས། ཇུས་གཞི་འདིས་དམངས་གཙོ་བཅོས་བསྒྱུར་ཚུན་གྱི་བོད་ལྗོངས་བྱ་བའི་ལམ་ཐིག་གི་བྱེད་ཕྱོགས་དང་སྲིད་ཇུས་རྒྱུན་མཐུད་བྱས་ཤིང་། དུས་རབས་གསར་པའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་དམ་པོར་སྦྲེལ་ཏེ། བོད་ལྗོངས་ཀྱི་བྱ་བ་སོ་སོར་ཁྱོན་ཡོངས་བཀོད་སྒྲིག་བྱས།

ཐབས་ཇུས་ཀྱི་གྲུབ་ཚུལ་དང་འཕེལ་རྒྱས་ནི་བོད་སྐྱོང་ཆོས་ཉིད་ཀྱི་ཚད་མཐོའི་རགས་བསྡུས་དང་སྤྱི་བསྡོམས་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་བྱ་བར་བཟུང་བའི་དགོངས་པ་ཟབ་མོ་གཅིག་ཏུ་བསྒྲིལ་ཡོད།

1998ལོའི་ཟླ6པར། བློ་མཐུན་ཞི་ཅིན་ཕིང་གིས་ཧྥུའུ་ཅན་གྱི་ཁ་གཏད་རོགས་སྐྱོར་ལས་འགན་ཕྲག་ཏུ་བླངས་ནས་བོད་ལྗོངས་སུ་རྟོག་ཞིབ་ཏུ་ཕེབས། 2011ལོའི་ཟླ7པར། བློ་མཐུན་ཞི་ཅིན་ཕིང་ཀྲུང་དབྱང་འཐུས་མི་ཚོགས་པའི་ཚོགས་གཙོ་མཛད་དེ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བྱས་ནས་ལོ་ངོ60འགོར་བར་རྟེན་འབྲེལ་ཞུ་བའི་བྱ་འགུལ་དུ་ཞུགས་སྐབས་བསྟན་དོན། “བོད་ལྗོངས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། བོད་ལྗོངས་ཀྱི་བརྟན་འཇགས་ལ་སྲུང་སྐྱོང་བྱེད་པ་ནི་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་བླང་བྱ་གསལ་པོ་ཡིན་ལ། བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་རེ་འདུན་དྲག་པོ་དང་ཐུན་མོང་གི་འགན་འཁྲི་ཡང་ཡིན།”

2015ལོའི་ཟླ7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་འཚོགས་སྐབས་ནན་གྱིས་བསྟན་དོན། གནས་བབ་གསར་པའི་འོག་གི་བོད་ལྗོངས་བྱ་བ་ལེགས་པོར་བསྒྲུབས་ནས། ངེས་པར་དུ་ཏང་གི་བོད་སྐྱོང་ཐབས་ཇུས་རྒྱུན་འཁྱོངས་བྱེད་དགོས།

མིག་རྒྱང་རིང་བར་གཏད་དེ་གྲུའི་ཁ་ཕྱོགས་གཏན་འཁེལ་བྱས་ཚེ། ད་གཟོད་ལམ་ཐག་རིང་པོར་བསྐྱོད་ཐུབ།

བོད་ལྗོངས་ཕུགས་ཡུན་རིང་པོར་འཕེལ་རྒྱས་འབྱུང་བ་མངོན་འགྱུར་བྱེད་ཆེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྲེལ་ཟིང་བར་ནས་བྱེད་སྟངས་སྣ་ཚོགས་བརྒྱུད་དེ་བོད་ལྗོངས་བྱ་བར་ཐུགས་ཁུར་དང་མཛུབ་སྟོན་གནང་།

-2015ལོར། བོད་རང་སྐྱོང་ལྗོངས་ཚུགས་ཏེ་ལོ་ངོ50ལོན་པའི་སྐབས། རྟེན་འབྲེལ་ཞུ་བྱང་སྟེང་དུ“མི་རིགས་མཐུན་སྒྲིལ་ལ་ཤུགས་བསྣན་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་ཕྱག་བྲིས་གནང་།

—“2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་རྟེན་འབྲེལ་ཞུ་ཡིག་སྤྲིངས་ཏེ། བོད་ལྗོངས་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་བཟུང་སྟེ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ་དང་། ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ། མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བཅས་བྱས་ནས། སྔར་ལས་ཕན་ནུས་ཆེ་བའི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཕྱི་ཕྱོགས་ལ་འབྲེལ་འདྲིས་དང་མཉམ་འབྲེལ་རྒྱ་ཆེར་བྱས་ཏེ། དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ཀྱི་རི་མོ་གསར་པ་འབྲི་དགོས་པའི་རེ་བ་བཏོན།

—2020ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་ཆེད་དུ་བོད་ལྗོངས་བྱ་བའི་སྙན་ཞུར་གསན།

—“ལྔ་བཅུ་གཉིས”དང“ལྔ་བཅུ་གསུམ”གཏན་འཁེལ་བྱེད་སྐབས་ཀྲུང་དབྱང་སྲིད་གཞུང་གིས་བོད་ལྗོངས་ཀྱི་འཛུགས་སྐྲུན་ལས་གཞི་གལ་ཆེན་སྐོར་ཞིག་ལ་རྒྱབ་སྐྱོར་གནང་བ་དང་། བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ཕན་པའི་དམིགས་བསལ་གྱི་སྲིད་ཇུས་སྐོར་ཞིག་གཏན་འབེབས་བྱས།

—ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་གི་མི་རིགས་བྱ་བའི་གྲོས་ཚོགས། རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་དང་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བཞུགས་མོལ་ཚོགས་འདུའི་སྟེང་བཅས་སུ་སོ་སོར་གསུང་བཤད་གལ་ཆེན་གནང་བ་དང་། བཀོད་སྒྲིག་རབ་དང་རིམ་པ་བྱས་ཤིང་སྔར་ལས་ལྷག་པར་བོད་སྐྱོང་ཐབས་ཇུས་ཀྱི་མ་ལག་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་།

……

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་རབ་དང་རིམ་པས་བོད་ལྗོངས་བྱ་བ་ལེགས་པོར་སྒྲུབ་པར་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་པ་དང་། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཀྱི་དུས་རབས་གསར་པ་ཞིག་གི་སྒོ་འཕར་ཕྱེས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ལ་ཁ་བཏགས་འབུལ།

—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སེམས་སུ་བཏེགས་ཏེ། རྣམ་པ་སྣ་མང་བརྒྱུད་ནས་ཐུགས་ཁུར་གནང་བས། བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་དགའ་གུས་དང་བརྩི་བཀུར་ཐོབ།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཐུགས་ལ་བཏེགས་ཏེ། རྣམ་པ་སྣ་ཚོགས་བརྒྱུད་ནས་བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ཐུགས་ཁུར་གནང་།

2015ལོའི་ཟླ4པའི་ཚེས25ཉིན། ནེ་པ་ལར་ཚད་རིམ8.1གི་ས་ཡོམ་བྱུང་བ་དེས་བོད་ལྗོངས་ཀྱི་གཞིས་ཀ་རྩེ་དང་མངའ་རིས་ས་ཁུལ་སོགས་སུའང་གནོད་སྐྱོན་ཐེབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིན་བཅུ་ལྷག་གི་དུས་ཡུན་ཐུང་ངུའི་ནང་དུ་འགུལ་འགོག་གནོད་སེལ་བྱ་བར་མཛུབ་སྟོན་གལ་ཆེན་ཐེངས་གཉིས་གནང་།

ལོ་ངོ5ཡི་སྔོན་དུ་བྱུང་བའི་ས་ཡོམ་ཆེན་པོ་དེ་ཕྱིར་དྲན་བྱེད་སྐབས། གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གནས་གྲོང་ཚོའི་རྒན་པོ་པ་སངས་ལ་ཚོར་སྣང་ཟབ་མོ་སྐྱེ་བཞིན་འདུག

“གལ་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་ཏང་དང་སྲིད་གཞུང་གི་རོགས་རམ་མེད་ཚེ། ང་ཚོ་འགག་སྒོ་དེ་ལས་ཐར་མི་ཐུབ་པ་ཁོ་ཐག་ཡིན། ཁང་པ་གསར་པའང་སྲིད་གཞུང་གི་ཁ་གསབ་རོགས་སྐྱོར་ལ་བརྟེན་ནས་ལས་པ་ཡིན།” པ་སངས་གིས་བཤད་རྒྱུར། “ང་ཚོ་བོད་རིགས་མི་དམངས་ཀྱི་ཆེས་ཆེ་བའི་སེམས་འདུན་ནི་དྭངས་གཙང་དྲི་མེད་ཀྱི་ཁ་བཏགས་སྤྱི་ཁྱབ་ཧྲུའུ་ཅི་ལ་འབུལ་རྒྱུ་དང་ཏང་ལ་འབུལ་རྒྱུ་དེ་ཡིན།”

“ཁྱོད་ཚོས་སློབ་སྦྱོང་གི་དུས་ཚོད་གཅེས་སྤྲས་བྱས་ཏེ། ཉམས་སད་ཐེག་ཐུབ་པའི་ནུས་རྩལ་སྦྱངས་ནས། སློབ་མཐར་ཕྱིན་རྗེས་མི་དམངས་ལ་ཆེས་དགོས་མཁོ་ཆེ་བའི་ས་གནས་སུ་སོང་སྟེ། བྱམས་སེམས་དང་འཇོན་ནུས་ལ་བརྟེན་ནས་མི་དམངས་དང་ཁྱད་པར་དུ་གཞི་རིམ་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པའི་རེ་བ་ཞུ།”

ད་ལོའི་ཟླ2པའི་ཚེས21ཉིན། རྒྱལ་ཡོངས་ཀྱི་གོང་འོག་ཀུན་གྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲོའུ་ཀང་སྨན་ཁང་དུ་དངོས་སྦྱོང་བྱེད་ཀྱིན་པའི་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མ17པོར་འཕྲིན་ལན་སྤྲིངས།

ནད་ཐོག་གསོ་རིག་ཆེད་ལས་ལ་སློབ་གཉེར་བྱེད་ཀྱིན་པའི་རྟ་མགྲིན་དབང་འདུས་ཀྱང་འཕྲིན་ཡིག་འབྲི་མཁན་གྲས་ཀྱི་གཅིག་ཡིན་ལ། ད་ལོའི་ཟླ7པར། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཕྱིར་སྤྲིངས་པའི་འཕྲིན་ལན་གྱི་སྐུལ་ལྕག་ཐོབ་པར་བརྟེན། རྟ་མགྲིན་དབང་འདུས་ཀྱིས་བོད་ལྗོངས་ཀྱི་གྲོང་ཁྱེར་དང་རྫོང་རིམ་པའི་སྨན་ཁང་དུ་བྱ་བ་གཉེར་བའི་གོ་སྐབས་བསྐྱུར་ཏེ། རང་འགུལ་གྱིས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་འཕྲོད་བསྟེན་ཁང་དུ་སྨན་པ་ཞིག་བྱས་ནས་གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་བདམས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོས། བོད་ལྗོངས་ཀྱི་རིགས་སོ་སོའི་བུ་ཕྲུག་ཚོའི་ལྷག་བསམ་རྣམ་དག་གི་དགའ་གུས་ཐོབ།

—སྤྱི་ཁྱབ་ཧྲུའུ་ཅི་ཡིས་བོད་ལྗོངས་ཀྱི་ཆེས་གཞི་རིམ་ཐུགས་ལ་བཏེགས་ཤིང་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་བདེ་སྡུག་ཐུགས་ལ་ཉར་ཡོད།

“ད་ལྟ་མེ་ཏོག་རྫོང་ལ་བགྲོད་པའི་ལམ་ཤར་གཏོང་བྱས་ཡོད་དམ།” 2013ལོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་འཐུས་མི་ཚོགས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་གླེང་མོ་བརྗེ་རེས་གནང་སྐབས། བྱམས་བརྩེའི་ངང་ནས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ནས་ཡོང་བའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་པད་མ་ཆོས་སྒྲོན་ལ་བཀའ་འདྲི་གནང་།

“ཁྱོད་ཚོས་ད་ལྟ་མཚོ་ངོས་ལས་མཐོ་ཚད་ལྟར་རོགས་དངུལ་སྟེར་བ་དངོས་འབེབས་དོན་འཁྱོལ་བྱས་ཡོད་དམ། དྲོད་འདོན་གྲོན་དངུལ་ལྷ་ས་དང་ཁྱད་པར་ཡོད་དམ།”2015ལོའི་ཟླ1པར། ཀྲུང་དབྱང་ཏང་གི་སློབ་གྲྭའི་སྐབས་དང་པོའི་རྫོང་ཏང་ཨུའི་ཧྲུའུ་ཅི་ཡི་ཟབ་སྦྱོང་འཛིན་གྲྭའི་བཞུགས་མོལ་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མཚོ་ངོས་ལས་མཐོ་ཚད་ཆེས་མཐོ་བའི་མཚེའུ་གཉིས་རྫོང་གི་རྫོང་ཏང་ཨུའི་ཧྲུའུ་ཅི་དང་གླེང་མོལ་བརྗེ་རེས་གནང་སྐབས། བོད་ལྗོངས་དང་མཚེའུ་གཉིས་ས་ཆའི་གནས་ཚུལ་ལ་འདྲི་རྩད་ཞིབ་མོ་གནང་བར་མ་ཟད། ས་གནས་དེ་གའི་སྐྱེ་ཁམས་ལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས་པའི་མངགས་བཅོལ་གནང་།

—སྤྱི་ཁྱབ་ཧྲུའུ་ཅི་ཡིས་བོད་ལྗོངས་ཀྱི་ལས་བྱེད་པར་ཐུགས་ཁུར་གནང་བ་དང་། མངགས་བཅོལ་ནན་མོས་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་བསྐྱོད་པར་སྐུལ་ལྕག་གནང་།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ན་ཅིན་སྲང་ལམ་དར་དམར་སྡེ་བའི་ཏང་ཨུའི་ཧྲུའུ་ཅི་དང་པོ་སྐལ་བཟང་སྒྲོལ་དཀར་གྱིས་སྔོན་ཆད་ཐེངས་གསུམ་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་འཕྲད་ཅིང་གླེང་མོལ་བྱས་མྱོང་།

2013ལོའི་ཟླ3པའི་ཚེས9ཉིན། སྐལ་བཟང་སྒྲོལ་དཀར་གྱིས་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཡིན་པའི་ངོས་ནས་ཐེངས་དང་པོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཐོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཡིས་མོར“ཁྱོད་ཀྱིས་དཀའ་ལས་མྱངས་སོང”ཞེས་བརྗོད། བརྩེ་བའི་དྲོད་ཀྱིས་གཏམས་པའི་འཚམས་འདྲི་འདིས་སྐལ་བཟང་སྒྲོལ་དཀར་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག

2015ལོའི་ཟླ9པའི་ཚེས30ཉིན། སྐལ་བཟང་སྒྲོལ་དཀར་གཞི་རིམ་མི་རིགས་མཐུན་སྒྲིལ་ཕུལ་བྱུང་འཐུས་མི་ཡིན་པའི་ཆ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་དུ་གདན་འདྲེན་ཞུས་ཏེ་པེ་ཅིན་དུ་རྒྱལ་སྟོན་བྱ་འགུལ་ལ་ཞུགས་པ་དང་། སླར་ཡང་སྤྱི་ཁྱབ་ཧྲུའུ་ཅི་ལ་མཇལ།

2017ལོའི་ཟླ3པའི་ཚེས11ཉིན་གྱི་དགོང་མོར། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གྲངས་ཉུང་མི་རིགས་འཐུས་ཚབ་ཨུ་ཡོན་གྱི་ཇ་སྟོན་ཚོགས་འདུའི་ཡུལ་དངོས་སུ། སྐལ་བཟང་སྒྲོལ་དཀར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་འགྲམ་དུ་བསྡད་ནས། དར་དམར་སྡེ་བ་དབུལ་ཕོངས་ལས་ཐར་ཏེ་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་འཕོ་འགྱུར་ཆེན་པོ་ཡར་ཞུ་བྱས་པས། སྤྱི་ཁྱབ་ཧྲུའུ་ཅི་ཐུགས་དགྱེས་བཞིན་དུ་མོར་ཡུལ་མི་ཚོར་འཚམས་འདྲི་བརྒྱུད་སྐུར་གནང་བ་དང་། ཚང་མའི་འཚོ་བ་ཉིན་རེ་བཞིན་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བའི་སྨོན་འདུན་ཞུས།

“ངས་རེ་བཅོལ་ཆེན་པོ་སྟོང་ཟད་དུ་མི་གཏོང་བར་གྲོང་ཚོ་ཡོངས་ཀྱིས་འཚོ་བ་སྐྱིད་པོ་རོལ་ཐུབ་པར་སྣེ་ཁྲིད་བྱེད་ངེས་ཡིན”ཞེས་སྐལ་བཟང་སྒྲོལ་དཀར་གྱིས་དེ་ལྟར་བཤད།

“དུས་ཡུན་རིང་པོའི་ནང་དུ། མི་རབས་ནས་མི་རབས་བརྒྱུད་པའི་གུང་ཁྲན་ཏང་ཡོན་གྱིས་རྒྱུན་ལྡན་གྱི་མིའི་རྒྱུ་ནོར་དང་རྒྱུན་ལྡན་གྱི་མིའི་ལོངས་སྤྱོད་ཡལ་བར་དོར་ཏེ། གངས་ལྗོངས་མཐོ་སྒང་དུ་རྩ་བ་ཚུགས་ནས་བློ་བརྟན་འགྱུར་མེད་སྒོས་འབད་འབུངས་ཧུར་བརྩོན་བྱས།” རྒྱ་ཆེ་བའི་ཏང་ཡོན་དང་ལས་བྱེད་པས་གངས་ལྗོངས་མཐོ་སྒང་དུ་གསོལ་འབུལ་བློས་གཏོང་བྱས་དང་བྱེད་མུས་སུ་ཡོད་པ་དེར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁས་ལེན་གང་ལེགས་གནང་བར་མ་ཟད། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་ལ་རེ་བ་བཏོན་ནས་ཧུར་ཐག་གིས་རྒྱབ་སྐྱོར་བྱེད་པ་དང་། ཁོ་ཚོའི་འབྱུང་འགྱུར་གྱི་སེམས་ཁྲལ་ཐག་གཅོད་ལེགས་པོ་བྱེད་དགོས་གསུངས། མིག་སྔར་བོད་ལྗོངས་ཀྱི་ལས་བྱེད་པ་དང་ལས་བཟོ་པའི་གླ་ཕོགས་ཆུ་ཚད་དང་ལོ་འཁོར་གྱི་གུང་སེང་ཉིན་གྲངས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཚུད་ཡོད།

—སྤྱི་ཁྱབ་ཧྲུའུ་ཅི་ཡིས་ས་མཚམས་བརྟན་སྲུང་བྱེད་ཀྱིན་པའི་མང་ཚོགས་ཐུགས་ལ་བཏེགས་ཡོད་ལ། ཁོ་ཚོར་བླ་མེད་མཆོག་ཏུ་གྱུར་པའི་རྒྱལ་ཁོངས་ལ་ལྟ་སྐྱོང་བྱས་ཏེ་བདེ་སྐྱིད་ཀྱི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་སྐུལ་ལྕག་གནང་།

དབྱར་དུས་ཀྱི་ཡུལ་སྨད། ཐང་ཤིང་དང་ཤུག་པ་སྔོ་ལྡེམ་མེར་འདུག་ཅིང་སྨུག་སྤྲིན་ལང་ལོང་དུ་འཕྱུར་བཞིན་ཡོད། མཐའ་མཚམས་ཀྱི་ཞང་འདི་སྔོན་ཆད་བོད་ལྗོངས་ཀྱི་ཆེས་སླེབས་དཀའ་བའི་ཞང་གི་གྲས་ཤིག་སྟེ། དུས་ཡུན་རིང་པོ་ཞིག་ལ་སྒྲོལ་དཀར་དང་གཡང་འཛོམས། ཨ་ཕ་བཅས་བཟའ་མི་གསུམ་པོ་ལས་མེད།

2017ལོའི་ཟླ10པའི་ཚེས28ཉིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་མཇུག་བསྒྲིལ་ནས་ཡུན་རིང་མ་འགོར་བར། པེ་ཅིན་ནས་འབྱོར་བའི་འཕྲིན་ལན་ཞིག་གིས་རྒྱང་ཐག་རིང་པོའི་ཞང་འདི་འུར་འུར་ཟང་ཟིང་དུ་བཏང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་ལྕམ་སྲིང་གཉིས་ལ་སྤྲིངས་པའི་འཕྲིན་ལན་ནང་དུ་བསྟན་དོན། མོ་རང་ཚོས་མུ་མཐུད་དུ་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་བྱས་ནས། སྔར་ལས་མང་བའི་འབྲོག་པ་མང་ཚོགས་སྐལ་བཟང་མེ་ཏོག་ནང་བཞིན་གངས་ལྗོངས་མཐོ་སྒང་གི་མཐའ་མཚམས་སུ་རྩ་བ་ཚུགས་པར་སྣེ་ཁྲིད་བྱས་ཏེ། ཁྱད་དུ་འཕགས་པའི་རྒྱལ་ཁོངས་ཀྱི་ལྟ་སྲུང་བ་དང་བདེ་སྐྱིད་ཀྱི་ཁྱིམ་གཞིས་འཛུགས་སྐྲུན་མཁན་དུ་འགྱུར་བའི་རེ་བ་བཏོན།

ད་ལྟ། ཡུལ་སྨད་ཀྱི་མི་འབོར་ཡར་འཕར་ནས་མི་གྲངས234ཡོད་ལ། མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་ཁྲི5ལྷག་ཡོད་པས། སྔོན་ཆད་ཀྱི“མི་གསུམ་གྱི་ཞང”འདི་ད་ལྟ་བདེ་ཞིང་སྐྱིད་ལ་མཛེས་སྡུག་ལྡན་པའི་འབྱོར་འབྲིང་ཞང་ཞིག་ཏུ་གྱུར་འདུག

“ཕ་ཡུལ་ནི་ཡུལ་སྨད་ཡིན། རྒྱལ་ཁབ་ནི་ཀྲུང་གོ་ཡིན། ང་ཚོས་གནས་འདིའི་རྩྭ་རྐང་གཅིག་ཀྱང་མ་ལུས་པར་ལྟ་སྐྱོང་ལེགས་པོ་བྱེད་དགོས”ཞེས་སྒྲོལ་དཀར་གྱིས་བཤད།

—སྤྱི་ཁྱབ་ཧྲུའུ་ཅི་ཡིས་བོད་ལྗོངས་ཀྱི་ཆོས་ལུགས་ལས་དོན་ལ་དོ་སྣང་བྱེད་ཅིང་། ཆོས་ལུགས་ཞི་མཐུན་ཡོང་བར་སྐུལ་འདེད་གནང་།

“ཏང་གི་ཆོས་ལུགས་བྱ་བ་ལེགས་པོར་བསྒྲུབ་དགོས་ལ། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་ལེགས་པོ་བྱེད་དགོས་ན། གནད་འགག་ནི‘ཁྲིད’ཀྱི་སྟེང་དུ་བསམ་བློ་གཏིང་ཟབ་ཏུ་གཏོང་བ་དང་སྔ་ཕྱི་མགོ་མཇུག་གསལ་བར་མཐོང་བ། གནད་ཁེལ་དུ་ཚོད་འཛིན་བྱེད་དགོས་ཏེ། ‘ཁྲིད’པར་བྱེད་ཕྱོགས་ཡོད་པ་དང‘ཁྲིད’པར་སྟོབས་ཤུགས་ཡོད་པ། ‘ཁྲིད’པར་ཕན་འབྲས་ཡོད་པར་བྱས་ཏེ། ཆོས་ལུགས་བྱ་བའི་རང་འགུལ་དབང་ཆ་དམ་པོར་འཛིན་དགོས།” གནས་བབ་གསར་པའི་འོག་གི་ཆོས་ལུགས་བྱ་བ་ལེགས་པོར་བསྒྲུབ་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་རྣམ་བཤད་གཏིང་ཟབ་མོ་ཡོད།

2015ལོའི་ཟླ6པའི་ཚེས10ཉིན། ཀྲུང་ནན་ཧའེ་རུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོའི་མཇལ་འཕྲད་དང་ལེན་མཛད།

སྤྱི་ཁྱབ་ཧྲུའུ་ཅི་ཡིས་པཎ་ཆེན་རིན་པོ་ཆེར་སློབ་སྦྱོང་ལ་དཀའ་སྤྱད་འབད་བརྩོན་དང་ཧུར་ཐག་གིས་སྒྲུབ་སྦྱོང་བྱས་ཏེ། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་མོའི་འདས་པོའི་རེ་འདུན་དགོངས་དོན་གཞིར་འཛིན་པ་དང་། འགྲོ་བ་སེམས་ཅན་ཀུན་འདྲ་མཉམ་དང་བྱམས་སྙིང་རྗེ་སྒོམ་པའི་ནང་བསྟན་ཆོས་ལུགས་ཀྱི་འདུ་ཤེས་ལྟར། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་ཕན་ཚུན་མཐུན་པོ་ཡོང་བར་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། ནང་བསྟན་གྱི་གཞུང་ལ་སྦྱངས་པ་ཟབ་ཅིང་སེར་སྐྱ་ཆོས་དད་མང་ཚོགས་ཀྱིས་དགའ་གུས་ཆེན་པོ་ཐོབ་པའི་ནང་བསྟན་ཆོས་ལུགས་ཀྱི་བླ་མ་ཞིག་ཏུ་ཧུར་ཐག་གིས་འགྱུར་བར་བརྩོན་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དོ་སྣང་དང་སྐུལ་འདེད་གནང་བའི་འོག དུས་རབས་གསར་པའི་བོད་ལྗོངས་ཀྱིས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་གཅེས་ཆོས་ལུགས་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཐུབ་པ་བྱུང་ལ། ཆོས་ལུགས་དད་མོས་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་དངོས་འབེབས་བྱས་པ་དང་། ཆོས་ལུགས་ལས་དོན་གྱི་དོ་དམ་ཚད་དང་ལྡན་ཞིང་གོ་རིམ་ཡོད་པ། ཆོས་ལུགས་སོ་སོ་དང་གྲུབ་མཐའ་སོ་སོར་བརྩི་བཀུར་དང་སྲུང་སྐྱོབ་ཐོབ་པས། ཆོས་ལུགས་འཆམ་མཐུན་མཉམ་གནས་བྱུང་ཡོད།

—སྤྱི་ཁྱབ་ཧྲུའུ་ཅི་ཡིས་སྐྱེ་ཁམས་སྲུང་སྐྱོབ་དང་རིག་གནས་རྒྱུན་འཛིན། སློབ་གསོ་འཕེལ་རྒྱས་བཅས་ལ་ཐུགས་ཁུར་གནང་བས། བོད་ལྗོངས་ཀྱི་ལས་རིགས་སྣ་ཚོགས་དབྱར་མཚོ་རྒྱས་པ་བཞིན་གོང་དུ་འཕེལ་བར་སྐུལ་འདེད་བཏང་།

མཚོ་བོད་མཐོ་སྒང་ནི་འཛམ་གླིང་གི་ཡང་རྩེ་དང་ཡ་གླིང་གི་ཆུ་ལྕོག སའི་གོ་ལའི་གླིང་སྣེ་གསུམ་པ་བཅས་ཡིན་ལ། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་བཀག་དངོས་དང་འཐབ་ཇུས་ཐོན་ཁུངས་གསོག་འཇོག་བྱེད་པའི་རྟེན་གཞི་གལ་ཆེན་ཡིན་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་ཀྱི་སྲུང་སྐྱོབ་ས་གནས་གལ་ཆེན་ཡང་ཡིན།

2017ལོའི་ཟླ8པར། མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་ལྷ་ས་རུ་སྤེལ་མགོ་རྩོམ་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུས་པ་དང་། ཚན་རིག་རྟོག་ཞིབ་ཀྱིས་མཚོ་བོད་མཐོ་སྒང་གི་ཐོན་ཁུངས་ཁོར་ཡུག་གི་ཐེག་ཚད་དང་གནོད་སྐྱོན་འབྱུང་བའི་ཉེན་ཁ། ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་སོགས་ཐད་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཤུགས་བསྣན་ཏེ། འཛམ་གླིང་གི་ཆེས་མཐའ་མཇུག་གི་དག་ཞིང་ལེགས་པར་སྲུང་བ་དང་མཛེས་སྡུག་ལྡན་པའི་མཚོ་བོད་མཐོ་སྒང་འཛུགས་སྐུན་བྱེད་པར་བྱས་རྗེས་གསར་པ་འཇོག་དགོས་པའི་རེ་བ་བཏོན།

《གེ་སར་རྒྱལ་པོའི་སྒྲུང》ནི་རང་རྒྱལ་གྱི་སྐད་གྲགས་ཆེ་བའི་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་སྙན་རྩོམ་ཞིག་ཡིན། ཀྲུང་དབྱང་འཐུས་ཚབ་ཚོགས་པ་ཁྲིད་དེ་བོད་ལྗོངས་སུ་ཕེབས་སྐབས། བློ་མཐུན་ཞི་ཅིན་ཕིང་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་དུ་ཕེབས་ནས། བོད་ལྗོངས་ཀྱི་རིག་གནས་ལས་དོན་དར་རྒྱས་གོང་འཕེལ་དུ་འགྲོ་བའི་འདྲ་པར་དང་དངོས་རྫས་ལ་གཟིགས་སྐོར་གནང་བ་དང་། བོད་ཀྱི་ཟློས་གར་དང《གེ་སར་རྒྱལ་པོའི་སྒྲུང》མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་མངོན་མིན་རིག་གནས་ཤུལ་བཞག་འཐུས་ཚབ་བརྩམས་ཆོས་ཀྱི་མིང་ཐོའི་གྲས་སུ་བདམས་པ་མཐོང་། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་དང་འཕེལ་རྒྱས་བཏང་བར་བློ་མཐུན་ཞི་ཅིན་ཕིང་གིས་ཁས་ལེན་གང་ལེགས་གནང་། དེའི་རྗེས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་སྒྱུ་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུ་དང་ས་གནས་སུ་རྟོག་ཞིབ་གནང་བའི་སྐབས་སུ། ལོ་རྒྱུས་སྙན་རྩོམ་རིང་མོ་འདི་ཐེངས་གང་མང་གླེང་མྱོང་།

སློབ་གསོའི་ལས་དོན་དེ་བོད་ལྗོངས་ཀྱི་ཡུན་རིང་འཕེལ་རྒྱས་ལ་འབྲེལ་བ་ཡོད། 2018ལོའི་ཟླ10པར། བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ60འགོར་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་ཏེ། སློབ་གྲྭས་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལག་ལེན་དུ་བསྟར་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོར་ཤུགས་སྣོན་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ། རང་རྟོགས་སྒོས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ། སློབ་གྲྭའི་བྱ་བ་སྣ་ཚོགས་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་བ་བཅས་ཀྱིས། ཀུན་སྤྱོད་ཤེས་རིག་ལུས་རྩལ་མཛེས་རྩལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་པ་ཧུར་ཐག་གིས་སྐྱེད་སྲིང་བྱེད་དགོས་པའི་རེ་བ་བཏོན། 

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ལ་ཐུགས་ཁུར་གནང་སྟེ། མཐོ་སྒང་གི་བུ་བུ་མོ་རྣམས་ལ་སྐུལ་ལྕག་ཆེན་པོ་ཐོབ་པ་དང་དྲག་ཏུ་འཕྱུར་བའི་བརྩོན་འགྲུས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་པར་བྱས་ཡོད།

དུས་རབས་གསར་པ་དང་བོད་ལྗོངས་གསར་པ།

—བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག བོད་པའི་བུ་བུ་མོ་དག་གིས་ཧུར་ཐག་གིས་གངས་ལྗོངས་མཐོ་སྒང་ཡུན་རིང་འཕེལ་རྒྱས་དང་བརྟན་གནས་བདེ་འགོད་ཡོང་བའི་ལེའུ་གསར་པ་འབྲི་བཞིན་ཡོད།

ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་བདེ་ཆེན་གྲོང་ཚོ་ཞེས་པ་ཞིག་ཡོད་ལ། སྔོན་ཆད་དེ་ནི་མི་མེད་ས་སྟོང་གི་གནས་ཤིག་ཡིན་པ་དང་མི་མང་པོ་ཡུལ་གཞན་དུ་སློང་མོ་བྱེད་དུ་འགྲོ་བས་ན་གྲོང་ཚོ་དེ་ཉིད་ལ་ཡང“སྤྲང་པོའི་གྲོང་ཚོ”ཞེས་པའི་མཚང་མིང་ཐོགས།

དེང་སྐབས། དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་ལས་ཕན་ཁེ་ཐོབ་པ་དང་སྡེ་དམངས་ཀྱིས་འབད་བརྩོན་བྱས་པ་བརྒྱུད། བདེ་ཆེན་གྲོང་ཚོ་ནི་ལྟ་ན་སྡུག་ཅིང་འབྱོར་བས་ཕྱུག་པའི་གྲོང་ཚོ་ཞིག་ཏུ་གྱུར་ཡོད།

“འཚོ་བ་ཇེ་བཟང་དུ་གྱུར་སོང་། ན་གཞོན་ཚོས་ཀྱང་སུ་བཟང་གང་ལེགས་འགྲན་བཞིན་འདུག ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ང་ཚོ་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག་སྤྲད་པར་དངོས་གནས་ཐུགས་རྗེ་ཆེ”ཞེས་ལོ་ན64ལ་སོན་པའི་བདེ་ཆེན་གྱི་གྲོང་མི་རྣམ་རྒྱལ་གྱིས་དགའ་སྤྲོས་ངང་དེ་ལྟར་བཤད་བྱུང་།

“མུ་མཐུད་ནས‘ཆུས་གསུམ་ཁུལ་གསུམ’སོགས་དབུལ་ནག་ས་ཁུལ་ལ་དམིགས་གཏད་དེ། དབུལ་ཐར་འགག་སྒྲོལ་གྱི་ཇུས་གཞི་དངོས་འབེབས་བྱེད་དགོས་པ་དང་། འབུར་ཐོན་གནད་དོན་དང་ཉམས་ཞན་ལྷུ་ཚིགས་དམིགས་སུ་བཟུང་ནས་སྲིད་ཇུས་དངོས་འབེབས་དམ་པོར་འཛིན་དགོས།” “‘སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ’གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་ཕྱིར་དབུལ་ཕོངས་སུ་འགྱུར་བ་འགོག་དགོས།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་འགག་སྒྲོལ་ལས་རྣམ་པར་རྒྱལ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་ཀྱི་ཚིག་འབྲུ་རེ་རེར་ལྗིད་ཏིག་ཏིག་གི་དོན་སྙིང་ལྡན།

2019ལོའི་ལོ་མཇུག་ཏུ། “ཆུས་གསུམ་ཁུལ་གསུམ”ཁྲོད་ཞིང་ཆེན་རིམ་པའི་དབུལ་ནག་ས་ཁུལ་གཅིག་ཏུ་འདུས་པའི་ས་ཁུལ་གཅིག་པུ་ཡིན་པའི་བོད་ལྗོངས་ཀྱི་ཆེས་མཐའ་མའི་དབུལ་ཕོངས་རྫོང(ས་ཁུལ)19དངོས་སུ་དབུལ་ཕོངས་རྫོང(ཆུས)གི་གྲལ་ནས་བུད་པ་དེས། བོད་ལྗོངས་ཀྱི་ལྗོངས་ཡོངས་ཀྱི་བལྟོས་མེད་དབུལ་ཕོངས་གཞི་རྩའི་སྟེང་ནས་སེལ་བྱུང་བ་མཚོན་ཡོད།

བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐུབ་བསྟན་མཁས་གྲུབ་ཀྱིས་བཤད་རྒྱུར། “ལོ་ངོ60ཡི་ཡར་སྔོན་དུ། ཏང་གི་མགོ་ཁྲིད་འོག་ནས་བོད་ལྗོངས་ཀྱི་ཞིང་བྲན་ས་ཡ་གཅིག་ལ་བཅིངས་འགྲོལ་ཐོབ། ད་ལྟ། ཏང་གི་མགོ་ཁྲིད་འོག་ནས་ལོ་ངོ་སྟོང་ཕྲག་རིང་བོད་ལྗོངས་ཀྱིས་སེལ་ཐབས་མ་བྱུང་བའི་བལྟོས་མེད་དབུལ་ཕོངས་གཞི་རྩའི་སྟེང་ནས་སེལ་ཐུབ་པ་བྱུང་ལ། འདི་ནི་ཀྲུང་གོ་དང་ཡང་ན་འཛམ་གླིང་གི་དབུལ་སེལ་ལོ་རྒྱུས་སྟེང་གི་བྱས་རྗེས་ངོ་མཚར་ཅན་ཞིག་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་པར་མཚོན་ཡོད”ཟེར།

དུས་ཚོད་ནི་ཡར་ཀླུང་གཙང་པོ་ལྟར་བཞུར་ཞིང་། བསམ་འདུན་ནི་རི་བོ་ཧི་མ་ལ་ཡ་བཞིན་བརྟན།

དུས་རབས་གསར་པར་སླེབས་རྗེས། བོད་ལྗོངས་ལ་བསྐལ་པ་སྟོང་ལ་འཕྲད་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་དང་མཁའ་ལ་འཕུར་ནུས་པའི་གཤོག་ཟུང་སྤྲད།

—“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་འཐུས་ཚང་དུ་བཏང་བ།

ད་ལོའི་ཟླ6པའི་ཚེས20ཡི་ཆུ་ཚོད7གྱི་སྟེང་། རྫམ་ཡར་ཀླུང་གཙང་པོའི་ཐིག་གཉིས་ཟམ་ཆེན་གྱི་གདུང་མ་གཙོ་བོ་མཐུད་ཐུབ་པ་བྱུང་བ་དང་། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ཧྲིལ་པོའི་ཟམ་པ120ཡི་ཟམ་གདུང་གཙོ་བོའི་སྒྲིག་གཞི་ཆ་ཚང་ལེགས་འགྲུབ་བྱུང་།

“ལྷ་ལམ”དེའི་ལམ་ཐིག་ཧྲིལ་པོར་ཐེངས16ལ་ཡར་ཀླུང་གཙང་པོ་བརྒལ་དགོས་ལ། ས་བབ་ཀྱི་ཆ་རྐྱེན་རྙོག་འཛིང་ལྡན་ཞིང་ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད75%ལ་སླེབས། སྔོན་དཔག་ལྟར་ན་ད་ལོའི་ལོ་མཇུག་ཏུ་ལམ་ཐིག་ཧྲིལ་པོའི་ལྕགས་ལམ་འདིང་ཚར་ཐུབ།

“གནས་བབ་གསར་པའི་འོག མུ་མཐུད་ནས‘ལམ་གཉིས’སྙིང་སྟོབས་དར་སྤེལ་གཏོང་དགོས་ལ། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་གནང་བའི་བཅོལ་གདམས་ཟབ་མོ་ཡིན་ཞིང་། ‘ལྷ་ལམ’འཛུགས་སྐྲུན་གྱི་གལ་ཆེའི་འགན་སྲུང་ཡང་ཡིན”ཞེས་ཀྲུང་གོའི་ལྕགས་ལམ་ཅུས་བཅུ་དགུ་པའི་རུ་ཚོགས་ཀྱི་ལྷ་ཉིང་ལྕགས་ལམ་བཟོ་སྐྲུན་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་ཧོ་ཞུས་ཀྱིས་དེ་ལྟར་བཤད་བྱུང་།

“ལྷ་ལམ”གཞན་ཞིག་ཀྱང་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་བཞིན་ཡོད་དེ། ལོ་ངོ10ཡང་མ་འགོར་བར་བོད་ལྗོངས་གློག་དྲ་གཙོ་བོ་ཡིས་མགྱོགས་མྱུར་གྱི“རིམ་སྤར་རབས་བརྗེ”མངོན་འགྱུར་བྱས་པར་མ་ཟད། ད་དུང་མགྱོགས་མྱུར་གྱིས་རྒྱང་རིང་མཐའ་འཁོབ་ས་ཁུལ་དུ་ཁེབས་ཚད་རྒྱ་བསྐྱེད་པ་རེད།

ཟླ7པའི་ཚེས26ཉིན། རྒྱལ་ཁབ་གཙོ་གནད་ལས་གཞི་སྟེ་མངའ་རིས་གློག་ཤུགས་སྦྲེལ་དྲའི་ལས་གཞིའི་ལམ་ཐིག་ཧྲིལ་པོ་སྦྲེལ་མཐུད་བྱུང་བ་དང་། དེ་ནི་མཚོ་བོད་དང་ཁྲོན་བོད། བོད་དབུས་བཅས་ཀྱི་གློག་ཤུགས་སྦྲེལ་དྲའི་ལས་གཞིའི་རྗེས་ཀྱི“གློག་ཤུགས་ལྷ་ལམ”བཞི་པ་ཡིན། ལས་གཞི་དངོས་སུ་གཉེར་རྗེས། མངའ་རིས་ཀྱི་གློག་དྲ་ཁེར་གཉེར་གློག་དྲ་ཡིན་པའི་གནད་དོན་རྩ་བ་ནས་ཐག་བཅད་པ་དང་། རྒྱང་ཐག་རིང་བའི་ས་ཁུལ་གྱི་རོང་འབྲོག་པར་སྔར་ལས་མང་བའི་སྟབས་བདེ་བསྐྲུན་ཡོད།

——མི་རིགས་སོ་སོས་བརྩེ་བ་ཟབ་མོས་རོགས་རེས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སེམས་ཀྱི་ཟབ་སར་ཟུག

“ཕ་མཐའི་ཡུལ་དུ། རིམས་ནད་ཀྱི་མདུན་དུ། ཁྱོད་ཚོ་གཉེན་ཉེ་མིན་ཡང་གཉེན་ཉེ་ལས་ལྷག”ནད་དུག་གི་མནར་གཅོད་ལས་ཐར་ཏེ་ལོགས་བཀར་ནད་ཁང་ལས་ཕྱིར་བུད་པའི་ཞའོ་ཀྲང་གིས་སྨན་བཅོས་མི་སྣར་ཟོལ་མེད་གུས་འདུད་ཞུས།

ད་ལོའི་ལོ་མགོར། ཧུའུ་པེ་ནས་བོད་ནང་དུ་ཡུལ་སྐོར་ལ་ཡོང་བའི་ཞའོ་ཀྲང་ལ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་རྟགས་ངོས་བཟུང་སྟེ་བོད་ལྗོངས་ཀྱི་ནད་པ་གཅིག་པུར་གྱུར་པ་དང་། བོད་རིགས་དང་རྒྱ་རིགས། ཧུའེ་རིགས། ཧོར་རིགས་སོགས་མི་རིགས་མང་པོས་གྲུབ་པའི་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་སྨན་བཅོས་ཚོགས་པས“སྨན་ཁང་གཅིག་དང་ནད་པ་གཅིག”གི་སྨན་པའི་བྱམས་སེམས་ཀྱི་གཏམ་རྒྱུད་བསྐྲུན།

དེ་དང་འདྲ་བར་སྐབས་དེའི་ཧུའུ་པེ་ཝུའུ་ཧན་དུ་ཡང་མི་རིགས་མཐུན་སྒྲིལ་གྱི་སྙན་བཟང་སྒྲོག་བཞིན་ཡོད། ལོ་སར་སྐབས་སུ། བོད་ལྗོངས་སློབ་མའི་ཁྱིམ་བདག62ཝུའུ་ཧན་དུ་སློབ་གྲྭ་འདོན་བཞིན་པའི་བྱིས་པར་སྐོར་རྒྱག་ཏུ་སོང་རྗེས་རིམས་ནད་ཀྱི་རྐྱེན་གྱིས་སློབ་གྲྭ་དེ་གའི་ཉེ་འཁོར་ནས་སྡོད་དགོས་པ་བྱུང་བ་དང་། ཝུའུ་ཧན་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་ཁོ་ཚོར་རིན་མེད་ཀྱི་སྡོད་གནས་དང་ཟ་མ་བཀོད་སྒྲིག་བྱས་ལ། སློབ་མའི་ཁྱིམ་བདག་ཁྲོད་ནས་ཀྱང་གནས་སྐབས་ཏང་ཀྲི་པུའུ་བཙུགས་ཏེ་སྔོ་ཚོད་སོགས་ཀྱི་དངོས་རྫས་དབོར་འདྲེན་ལ་རོགས་རམ་བྱས། གནས་སྐབས་ཏང་ཀྲི་པུའུ་ཧྲུའུ་ཅི་པ་སངས་ཚེ་རིང་གིས“ཐེངས་འདིའི་རིམས་ནད་ཁྲོད་ང་ཚོས་ཡང་བསྐྱར་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་དྲོད་ཁོལ་ལྡན་པའི་སྟོབས་ཤུགས་ཚོར་བྱུང”ཞེས་བཤད།

མི་རིགས་མཐུན་སྒྲིལ་ནི་བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྲོག་རྩ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་བྱ་བའི་དོ་སྣང་བྱེད་གནས་དང་ཤུགས་འདོན་གནས་ནི་ངེས་པར་དུ་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པའི་སྟེང་འཇོག་དགོས་ཞེས་བསྟན་ཡོད།

ལོ་རེའི་ཟླ9པ་ནི་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་ཟླ་བར་གཏན་འཁེལ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ལྗོངས་འཛུགས་སྐྲུན་གྱི་བྱ་བ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་འཇོག་མུས་ཡིན……

ད་ལོའི་ཟླ་དང་པོར། 《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ལྗོངས་འཛུགས་སྐྲུན་གྱི་སྲོལ་ཡིག》ལ་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྟེང་དུ་འདེམ་ཤོག་ཡོངས་ཐོབ་པ་དང་། ཟླ5པའི་ཚེས1ནས་བཟུང་དངོས་སུ་ལག་བསྟར་བྱས། འདི་ནི་བོད་ལྗོངས་ཀྱིས་ཏང་ཀྲུང་དབྱང་གི“ཁྲིམས་ལྟར་བོད་སྐྱོང”གི་རྩ་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་པའི་ཁྲིམས་འཛུགས་བྱེད་ཐབས་ཡིན།

ད་ལྟ། བོད་དུ་ཡོང་ནས་ལས་ཀ་སྒྲུབ་པ་དང་ལས་སྒོ་གསར་གཏོད་བྱེད་མཁན་ཇེ་མང་ནས་ཇེ་མང་ཡིན་ལ། བོད་ལྗོངས་ནས་ཡིན་པའི་མཐོ་སློབ་མཐར་ཕྱིན་སློབ་མ་མང་པོ་ཞིག་ཞིང་ཆེན་དང་ལྗོངས། གྲོང་ཁྱེར་གཞན་ནས་ལས་ཞུགས་བྱེད་བཞིན་ཡོད། བོད་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་རྒྱུན་ཆད་མེད་པར་ཇེ་བརྟན་དུ་འགྲོ་བཞིན་ཡོད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་སེམས་ཀྱི་ཟབ་སར་ཟུག་ཡོད།

——བླ་ན་མེད་པའི་མངའ་ཁོངས་ལ་སྲུང་སྐྱོབ་ཐོབ་སྟེ། བདེ་སྐྱིད་ཀྱི་ཁྱིམ་གཞིས་ལ་དགའ་བདེ་ལོངས་སྤྱོད་རྒྱས།

ཀྱག་ཀྱོག་གི་ཕག་རི་གཙང་པོ་དེད་དེ་གྱེན་དུ་བསྐྱོད་ཅིང་། གྲོག་རོང་དང་གྲམ་པ། གཡང་གཟར་བརྒལ་རྗེས་ཀྱི་གངས་རིའི་རྩེ་མོ་ནས་རྒྱང་ལྟ་བྱས་ཚེ། བཙན་རྫོང་གི་དབྱིབས་དང་འདྲ་བའི་གྲོང་ཚོ་ཞིག་མིག་ལམ་དུ་མངོན་ཡོང་།

དེ་ནི་བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཚོ་སྲིབ་གསུམ་དཀྱིལ་ཞང་རྦ་ཁ་གྲོང་ཚོ་རེད། གངས་རི་ཀྲོང་ངེར་འགྱིང་ཞིང་རི་མཐོ་ལུང་གཟར་གྱི་ཡུལ་དེ་ནི་བོད་ལྗོངས་ཀྱི་ཆེས་འགྲོ་དཀའ་བའི་གྲོང་ཚོའི་གྲས་ཀྱི་གཅིག་རེད།

ལོ་ན45ལ་སླེབས་པའི་ཚེ་དཔལ་ཡེ་ཤེས་དང་ཁོའི་ཆུང་མ་དོན་གྲུབ་བཟང་མོ་གཉིས་ད་ལོའི་སོས་བབས་མ་ཐག་ཨ་ཚུར་དགུན་དུས་ཕྱུགས་ར་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་སྡོད་ཁང་གསར་པའི་ནང་སྤོས་པ་རེད། སྡོད་ཁང་གསར་པའི་ཉལ་ཁང་དང་། མགྲོན་ཚོམས། ཟ་ཁང་། མཛོད་ཁང་། སྤྱོད་ཁང་བཅས་ལུགས་མཐུན་ངང་ཇུས་འགོད་བྱས་ཡོད་པར་མ་ཟད། ཡངས་ཤིང་རྒྱ་ཆེ་བའི་སྒོ་རའི་ནང་སྔོ་ཚལ་དང་མེ་ཏོག་ཀྱང་བཏབ་ཆོག

“འདི་ནི་རྒྱལ་ཁབ་ཀྱིས་ལག་བསྟར་བྱས་པའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་ལས་གཞི་ལས་ཐོབ་པའི་ཕན་ཁེ་ཡིན། ད་ལྟ་ང་ཚོས་ལྟོ་གོས་ལ་སེམས་ཁྲལ་བྱེད་མི་དགོས་ལ། ཁྱིམ་གཞིས་ཀྱང་ཇེ་ཡག་ནས་ཇེ་ཡག་རེད། སྲིད་གཞུང་གིས་ད་དུང་མཐའ་མཚམས་མང་ཚོགས་ལ་ཁ་གསབ་སྤྲད་པས་ང་ཚོའི་མཐའ་མཚམས་སྲུང་བའི་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་སོང”ཞེས་ཚེ་དཔལ་ཡེ་ཤེས་ཀྱིས་བཤད།

2018ལོ་ནས་བཟུང་། བོད་ལྗོངས་ཀྱིས“བླ་མེད་མངའ་ཁོངས་ཀྱི་སྲུང་སྐྱོབ་པ། བདེ་སྐྱིད་ཁྱིམ་གཞིས་ཀྱི་འཛུགས་སྐྲུན་པ”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པས། མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། རྒྱ་ཆེའི་མཐའ་མཚམས་མི་དམངས་སྐལ་བཟང་མེ་ཏོག་ཇི་བཞིན་གངས་ལྗོངས་མཐའ་མཚམས་སུ་གཞི་ཚུགས་ནས་རྒྱལ་མཚམས་ཀྱི་བདེ་འཇགས་དང་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་སྲུང་བཞིན་ཡོད།

——སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཐོབ་སྟེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་ལྕགས་རི་བརྟན་པོར་བསྐྲུན།

2019ལོའི་ལོ་མཇུག་ཏུ། མཚེའུ་གཉིས་རྫོང་གི་མི་ཕལ་ཆེར2900ཙམ་ལྷོ་ཕྱོགས་ནས་སྤྱི་ལེ་སྟོང་ཙམ་ཡོད་པའི་ཡར་ཀླུང་གཙང་པོའི་བྱང་ངོགས་སུ་སྤོས། འདི་ནི་བོད་ལྗོངས་ཀྱི་མཚོ་ངོས་ལས་མཐོ་ཚད་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོ་འཆར་འགོད་ཀྱི་གྲུབ་ཆ་ཞིག་ཡིན་ཞིང་། ཤུལ་ལུས་ཀྱི་ས་གཞི་ནི་རང་བྱུང་ཁམས་ཆེན་མོར་ཕྱིར་སྤྲད་པ་རེད།

དེ་སྔ་བྱེ་རླུང་རབ་ཏུ་འཚུབ་པའི་ཡར་ཀླུང་གཙང་པོའི་ལྷོ་འགྲམ་དུ། དེང་སྐབས་རིང་ཚད་ལ་སྤྱི་ལེ160ལྷག་ཙམ་དང་ཆ་སྙོམས་ཀྱི་ཞེང་ཚད་ལ་སྤྱི་ལེ1.8ཟིན་པའི“ལྗང་མདོག་ལྕགས་རི་རིང་པོ”བསྐྲུན་ཏེ། མཚོ་ངོས་ལས་མཐོ་ཚད་ཧ་ཅང་མཐོ་བའི་ས་ཁུལ་མང་ཚོགས་ཀྱི་གནམ་གཤིས་རྒོད་པོ་དང་བྲལ་བའི་ཁྱིམ་གཞིས་གསར་པ་རུ་གྱུར་ཡོད་ཅིང་། འདི་ནི་བོད་ལྗོངས་སྐྱེ་ཁམས་འཛུགས་སྐྲུན་ལས་བྱུང་བའི་སྤྱི་ཚོགས་ཕན་ནུས་ཀྱི་བསྡུས་གཟུགས་ཤིག་རེད།

ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་བཏོན་པའི་བླང་བྱ་དོན་དངོས་ཐོག་ལག་བསྟར་བྱས་ཏེ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། ལྗོངས་ཡོངས་ཀྱི་ས་ཁོངས་ཀྱི45%སྲུང་སྐྱོབ་ནན་མོ་བྱེད་པའི་ཁྱབ་ཁོངས་སུ་བཞག་སྟེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་བཞིན་ཡོད་ཅིང་། འཛམ་གླིང་ཐོག་གི་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད།

——སློབ་གསོ་དང་སྨན་བཅོས་ཀྱི་ལས་དོན་མུ་མཐུད་ནས་མདུན་སྐྱོད་བྱས་ཏེ། ཕུགས་ཡུན་རིང་བའི་འཕེལ་རྒྱས་ཆེད་རིག་སྟོབས་ཀྱི་རྒྱབ་སྐྱོར་གནང་ཡོད།

——བོད་ལུགས་ཁྱད་ཆོས་ལྡན་པའི་སློབ་ཁྲིད་ཐོག་ཁང་སྟར་ཕྲེང་རེ་རེ་དང་གློག་རྡུལ་གྱི་དཀར་པང་སོགས་ཀུན་འདུས་སྨྱན་སྦྱོར་གྱི་སློབ་ཁྲིད་སྒྲིག་ཆས་ཆ་ཚང་ཡོད་ལ། འགྱིག་བཟོས་རྒྱུག་ལམ་དང་གཟེབ་གྲུག་སྤོ་ལོའི་ཐང་དུ་ལུས་སྦྱོང་བྱེད་མཁན་གྱི་སློབ་མས་ཁེངས་འདུག

ལྷ་སའི་སློབ་གསོ་གྲོང་དུ་གནས་པའི་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ནི་རྒྱལ་ཡོངས་ནས“ཚོགས་སྒྲིག་རྣམ་པ”ཡི་བོད་སྐྱོར་ལག་བསྟར་བྱེད་པའི་སློབ་གྲྭ་སྔོན་མ་དེ་རེད། སློབ་གྲྭ་དེ་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པ་དང་། 2014ལོའི་9ཟླ་པའི་ཚེས1ཉིན་དངོས་སུ་མགོ་ཚུགས་པ་རེད།

“སློབ་གསོ་དེང་རབས་ཅན་གྱི་ཆ་རྐྱེན་ཐད་ནས་བརྗོད་ན། ཅང་སུའུ་ཞིང་ཆེན་གྱི་སློབ་གྲྭ་དང་བསྡུར་ནའང་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་སྒྲིག་བཀོད་འཛུགས་སྐྲུན་རྩེ་གྲ་ཡིན”ཞེས་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་སློབ་གཙོ་མ་ཧྭ་ཡིས་དེ་ལྟར་བཤད་པ་དང་། མིག་སྔར་སློབ་གྲྭར“ཚོགས་སྒྲིག་རྣམ་པ”ཡི་བོད་སྐྱོར་དགེ་རྒན20ཡོད་པ་དང་། སློབ་གྲྭའི་སློབ་གཙོ་དང་སློབ་གཙོ་གཞོན་པ། ཀུན་སྤྱོད་སློབ་གསོའི་ཀྲུའུ་རེན། སློབ་དོན་ཀྲུའུ་རེན་བཅས་ཚང་མའི་འགན་བོད་སྐྱོར་དགེ་རྒན་གྱིས་ཁུར་ཡོད།

སྔོན་ཐོན་གྱི་སློབ་ཁྲིད་འདུ་ཤེས་ལ་བརྟེན་ནས། ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གིས2017ལོ་ནས2019ལོ་བར་ལོ་གསུམ་གྱི་འབྲིང་རྒྱུགས་སྦྱངས་འབྲས་བསྟུད་མར་ལྷ་སའི་ཨང་དང་པོ་བླངས་ནས“སྒོ་འགྲམ་གྱི་ནང་ལོགས་བོད་ལྗོངས་འཛིན་གྲྭ”ཞེས་པའི་མཚན་སྙན་ཐོབ་ཡོད།

དུས་རབས་གསར་པའི་བོད་ལྗོངས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཏང་གཅེས་རྒྱལ་གཅེས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་སྐྱེད་སྲིང་ཧུར་ཐག་བྱེད་དགོས་པའི”བླང་བྱ་ལག་བསྟར་བྱས་ཤིང་། སློབ་སྔོན་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཅུང་ཆ་ཚང་བའི་དེང་རབས་སློབ་གསོའི་མ་ལག་ཅིག་ཆགས་ནས།མི་རིགས་ཁག་གི་མི་དམངས་ཀྱི་སློབ་གསོ་མྱོང་བའི་དབང་ཆར་འགན་སྲུང་གང་ལེགས་ཐོབ་ཡོད།

ཉེ་བའི་ལོ་ཤས་རིང་སྤེལ་བའི་སློབ་གསོ་དང་སྨན་བཅོས་སོགས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱིས་བོད་ལྗོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་དོན་དང་ལྡན་པའི་བདེ་སྐྱིད་བསྐྲུན་ཡོད།

2015ལོར་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལག་བསྟར་བྱས་ཚུན་དུ། པེ་ཅིན་ཞེ་ཧོ་སྨན་ཁང་དང་། པེ་ཅིན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་མང་པོ་དང་། དེ་མིན་ཞིང་ཆེན་དང་གྲོང་ཁྱེར7བཅས་ཀྱིས་སྨན་བཅོས་ཤེས་ལྡན་མི་སྣ800ལྷག་བདམས་མངགས་བྱས་ནས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱས་ལ། བསྡོམས་པས“རིམ་གསུམ་ཀ་པའི”སྨན་ཁང6འཛུགས་སྐྲུན་བྱས་པ་དང་། སྨན་བཅོས་ཚོགས་པ721གིས་ས་གནས་དེ་གའི་སྨན་དོན་མི་སྣ2031ལ་རོགས་ཁྲིད་བྱས་ཏེ། ལག་རྩལ་གྱི་སྟོང་ཆ་ཆིག་སྟོང་ལྷག་གསབ་པ་དང་། ནད་ལྗིད་མོ་རིགས371བོད་དུ་སྨན་བཅོས་བྱེད་ཐུབ་པ་བྱུང་ཡོད།

ལོ་ངོ20ལྷག་གི་རིང་ལ། བོད་ལྗོངས་འཕེལ་རྒྱས་ཀྱི་ཆེད་དུ་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་དང་ལས་རིགས་ཁག་གི་བོད་སྐྱོར་ལས་བྱེད་པས་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་བསྣམས་ནས་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་ཏེ་གངས་ལྗོངས་མཐོ་སྒང་དུ་ལང་ཚོ་སྐྱེས་སུ་ཕུལ་བ་མཐོ་སྒང་མི་དམངས་ཀྱིས་བརྗེད་མི་སྲིད།

ཡར་ཀླུང་གཙང་པོའི་ལྷུང་ལྷུང་འབབ་པའི་བཞུར་རྒྱུན་གྱིས་མཐུན་སྒྲིལ་ཧུར་བརྩོན་གྱི་གཏམ་རྒྱུད་རིང་མོ་ཕྱོགས་སུ་འཁྱེར།

2019ལོར། བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར1697.82ལ་སླེབས་པ་དང་། དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན1959ལོའི་སྒོར་དུང་ཕྱུར1.74ལས་ཧ་ལམ་ལྡབ205.8འཕར་བ་དང་། མཁར་གྲོང་དང་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱིས་བཀོལ་ཆོག་པའི་ཡོང་འབབ་སོ་སོར་སྒོར37410དང་སྒོར12951ཟིན་ལ། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ཞི་བས་བཅིངས་འགྲོལ་བཏང་མ་ཐག་པའི་ལོ35.5ནས་ལོ70.6བར་རིང་དུ་ཕྱིན་པས། འབྱོར་ཕྱུག་དང་། དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་གི་ཡང་རྩེར་འགྱིང་ངེར་གནས་ཡོད།

མཐོ་སྒང་དུ་བྱ་བ་སྒྲུབ་སྐབས། ཆེས་དཀོན་པ་ནི་དབྱང་དབུགས་དང་ཆེས་རྩ་ཆེ་བ་ནི་སྙིང་སྟོབས་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག བོད་ལྗོངས་ཀྱི་རིགས་སོ་སོའི་བུ་བུ་མོས“བོད་ལྗོངས་པ་རྒན་པའི་སྙིང་སྟོབས”ལ་ཟམ་མི་ཆད་པར་དུས་རབས་གསར་པའི་ནང་དོན་སྣོན་པ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་བྱེད་པ། ཕུ་ཐུང་བརྫེས་ཏེ་ངར་ཤུགས་སྒྲིམ་པ་བཅས་ཀྱིས་ལག་རྡང་སྦྲེལ་ནས་དུས་རབས་གསར་པར་མདུན་སྐྱོད་བྱེད་བཞིན་ཡོད།

ལོ་རྒྱུས་ཡུན་རིང་ལྡན་ཞིང་ངོ་མཚར་ཆེ་བའི་གནས་འདིར་འཚོ་བའི་མི་རྣམས་ཀྱིས། སང་ཉིན་སྔར་ལས་མཛེས་སྡུག་ལྡན་པར་ཡིད་ཆེས་བརྟན་པོ་བཅངས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།