ཀྲུང་གོ་བོད་ཀྱི་དྲ་བ།

ཟླ9བའི་ཚེས3ཉིན་གྱི་སྔ་དྲོར་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ75འཁོར་བའི་རྗེས་དྲན་བྱ་འགུལ་སྤེལ་རྒྱུ་ཡིན་ལ་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམས་མཛད་སྒོར་ཞུགས་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས3ཉིན་ནི་ཀྲུང་གོ་མི་དམངས་ཀྱིས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་བླངས་པ་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ75འཁོར་བའི་དྲན་གསོའི་ཉིན་མོ་རེད། ཉིན་དེའི་སྔ་དྲོར་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམས་རྒྱལ་སའི་ལས་རིགས་ཁག་གི་འཐུས་མི་དང་མཉམ་དུ་ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དྲན་གསོ་ཁང་དུ་རི་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོར་མེ་ཏོག་དབུལ་རྒྱུ་རེད།

སྐབས་དེར་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྐབས་ཐོག་ཏུ་ཐད་གཏོང་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།