ཀྲུང་གོ་བོད་ཀྱི་དྲ་བ།

ཆུད་ཟོས་སུ་གཏོང་བ་ནི་ངོ་ཚ་ཡིན་པ་དང་གྲོན་ཆུང་བྱེད་པ་ནི་གཟི་བརྗིད་ཡིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-09-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གིས་བཟའ་བཏུང་འཕྲོ་བརླག་གི་བྱ་སྤྱོད་བཀག་འགོག་བྱ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་།   དྲིལ་བསྒྲགས་སློབ་གསོ་ལ་སྔར་ལས་ཤུགས་སྣོན་རྒྱག་པ་དང་གྲོན་ཆུང་བྱེད་པའི་གོམས་སྲོལ་བཟང་བོ་སྐྱེད་སྲིང་བྱས་ཏེ།   སྤྱི་ཚོགས་སྟེང་དུ་ཆུད་ཟོས་སུ་གཏོང་བ་ནི་ངོ་ཚ་ཡིན་པ་དང་གྲོན་ཆུང་བྱེད་པ་ནི་གཟི་བརྗིད་ཡིན་པའི་གོམས་སྲོལ་བཟང་བོ་ཞིག་ཆགས་སུ་འཇུག་དགོས་ཞེས་ནན་གྱིས་བསྟན།   ངེད་ཚགས་པར་ཁང་གིས་དེ་རིང་ནས་བཟུང《ཆུད་ཟོས་སུ་གཏོང་བ་ནི་ངོ་ཚ་ཡིན་པ་དང་གྲོན་ཆུང་བྱེད་པ་ནི་གཟི་བརྗིད་ཡིན》ཞེས་པའི་ལེ་ཚན་བསྐྲུན་ཏེ།   མཚོ་སྔོན་ཞིང་ཆེན་གྱི་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་དང་།   ལག་ལེན་དངོས་ཁྲོད་གྲོན་ཆུང་བྱེད་པ་དང་བཟའ་བཏུང་ལས་རིགས་ཁག་གིས་འཛད་སྤྱོད་པ་དག་ལ་འོས་འཚམ་གྱི་སྒོ་ནས་འཛད་སྤྱོད་བྱེད་པར་ཁྲིད་སྟོན་བྱེད་པའི་བྱ་ཐབས་བཟོས་ཏེ།   མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སོ་སོའི་ལས་བྱེད་པ་དང་དམངས་ཚོགས་ཀྱིས་གྲོན་ཆུང་བྱེད་པ་ལས་ཆུད་ཟོས་སུ་གཏོང་བའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་རྒྱུར་ཁྱབ་བསྒྲགས་བྱས་པ་དང་།    སྤྱི་ཚོགས་ཡོངས་ཀྱིས་གྲོན་ཆུང་གི་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་ནས།    རང་འགུལ་གྱིས་ཆུད་ཟོས་སུ་གཏོང་བའི་བྱ་སྤྱོད་འདོར་དགོས་པ་དང་ཡང་དག་པའི་སྒོ་ནས་འཛད་སྤྱོད་ཀྱི་འདུ་ཤེས་དང་གོམས་སྲོལ་བཟང་བོ་དར་སྤེལ་དུ་བཏང་སྟེ།  སྐྱོན་བྲལ་དང་དཔལ་ཡོན་ལྡན་པའི་དེང་རབས་ཀྱི་འཚོ་བའི་འདུ་ཤེས་དང་འཚོ་བ་རོལ་སྟངས་ཁྱབ་གདལ་དུ་གཏོང་དགོས།  །      

རྩོམ་སྒྲིག་པ། : བདེ་ལེགས་མཚོ།