ཀྲུང་གོ་བོད་ཀྱི་དྲ་བ།

བདེན་འཚོལ་དུས་དེབ་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་བསམ་བློའི་ཆབ་སྲིད་སློབ་ཁྲིད་ནི་ཀུན་སྤྱོད་བཟང་བོ་ཆགས་སུ་འཇུག་པའི་གཞི་རྩའི་ལས་འགན་དངོས་འབེབ་བྱེད་པའི་གནད་འགག་གི་བསླབ་གཞི་ཞིག་ཡིན་ཞེས་པ་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9བའི་ཚེས1ཉིན་པར་བསྐྲུན་བྱེད་རྒྱུ་ཡིན་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་བཅུ་བདུན་པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་བསམ་བློའི་ཆབ་སྲིད་སློབ་ཁྲིད་ནི་ཀུན་སྤྱོད་བཟང་བོ་ཆགས་སུ་འཇུག་པའི་གཞི་རྩའི་ལས་འགན་དངོས་འབེབ་བྱེད་པའི་གནད་འགག་གི་བསླབ་གཞི་ཞིག་ཡིན་ཞེས་པ་སྤེལ་རྒྱུ་རེད། 

རྩོམ་ཡིག་དེ་ལས་ནན་གྱིས་བསྟན་དོན། ན་གཞོན་ལོ་ཆུང་ནི་མེས་རྒྱལ་གྱི་མ་འོངས་པ་དང་མི་རིགས་ཀྱི་རེ་བ་ཡིན། ན་གཞོན་ལོ་ཆུང་གི་སློབ་གསོའི་གནད་ཆེ་ས་ནི་ཡང་དག་པའི་བསམ་བློ་ཞིག་ཆགས་སུ་བཅུག་སྟེ་ཁོ་ཚོ་དྲང་ལམ་དུ་ཁྲིད་རྒྱུ་དེ་རེད། བསམ་བློའི་ཆབ་སྲིད་སློབ་ཁྲིད་ནི་ཀུན་སྤྱོད་བཟང་བོ་ཆགས་སུ་འཇུག་པའི་གཞི་རྩའི་ལས་འགན་དངོས་འབེབ་བྱེད་པའི་གནད་འགག་གི་བསླབ་གཞི་ཞིག་ཡིན་ལ། བསམ་བློའི་ཆབ་སྲིད་སློབ་ཁྲིད་ཀྱི་ནུས་པ་གཞན་གྱིས་བསྒྲུན་དུ་མེད་ལ། བསམ་བློའི་ཆབ་སྲིད་སློབ་ཁྲིད་ཀྱི་དགེ་རྒན་དཔུང་སྡེའི་འགན་འཁྲི་ཧ་ཅང་ལྗིད། བསམ་བློའི་ཆབ་སྲིད་སློབ་ཁྲིད་བཟང་བོར་བསྒྲུབ་པའི་ཆེས་གཞི་རྩ་ནི་ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་ཅི་འདྲ་ཞིག་སྐྱེད་སྲིང་བྱེད་པ་དང་། ཇི་ལྟར་སྐྱེད་སྲིང་བྱེད་པ། སུའི་ཆེད་དུ་སྐྱེད་སྲིང་བྱེད་པའི་རྩ་བའི་གནད་དོན་དེ་ཐག་གཅོད་གང་ལེགས་བྱེད་དགོས། བསམ་བློའི་ཆབ་སྲིད་སློབ་ཁྲིད་བཟང་བོར་བསྒྲུབ་པ་ནི་མར་ཁི་སི་རིང་ལུགས་ཀྱི་གཞུང་ལུགས་སློབ་གསོ་སྤེལ་བ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཀོལ་ནས་སློབ་གསོ་གཏོང་དགོས་པ་དང་། སློབ་མ་དག་གི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཡིད་ཆེས་དང་། གཞུང་ལུགས་ཡིད་ཆེས། ལམ་ལུགས་ཡིད་ཆེས། རིག་གནས་ཡིད་ཆེས་བཅས་ཇེ་དྲག་ཏུ་འགྲོ་བར་སྣེ་ཁྲིད་བྱས་ཤིང་། རྒྱལ་གཅེས་རིང་ལུགས་ཀྱི་སེམས་པ་ལྡན་པར་བྱས་ཏེ། རྒྱལ་གཅེས་ཀྱི་བརྩེ་བ་དང་རྒྱལ་དར་གྱི་ཕུགས་འདུན། རྒྱལ་ཁབ་ལ་དྲིན་གཟོ་བྱེད་པའི་རང་རྟོགས་བཅས་རང་འགུལ་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འབད་འཐབ་ཁྲོད་དུ་འདྲེས་པར་བྱེད་དགོས་ཟེར། 

རྩོམ་ཡིག་ལས་བསྟན་དོན། བསམ་བློའི་ཆབ་སྲིད་སློབ་ཁྲིད་བཟང་བོར་བསྒྲུབ་པ་དེ་འཛམ་གླིང་གི་སྔར་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་མོ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་ཆེ་ཕྱོགས་ནང་བཞག་ནས་བལྟ་དགོས་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་བཅས་ཀྱི་མཐོ་ཚད་དུ་འཇོག་དགོས། ང་ཚོའི་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་བའི་རླབས་ཆེན་ལས་དོན་ལ་འབད་འབུངས་བྱེད་ན། ངེས་པར་དུ་ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་གོང་བཀུར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་ཆེད་དུ་ཚེ་གང་བོར་འབད་འཐབ་བྱེད་པའི་ཕུགས་བསམ་ལྡན་པའི་ཤེས་ལྡན་མི་སྣ་རབས་མང་བོ་སྐྱེད་སྲིང་བྱེད་དགོས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་གོ་རིམ་ལྡན་པར་བསམ་བློའི་ཆབ་སྲིད་སློབ་ཁྲིད་བཀོད་སྒྲིག་བྱེད་པར་དགོས་གལ་ཧ་ཅང་ཆེ་བ་དང་། དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་པ་སྐྱེད་སྲིང་བྱེད་པའི་འགན་སྲུང་གལ་ཆེན་ཞིག་ཡིན་ཟེར། 

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ཏང་གི་བསམ་བློའི་ཆབ་སྲིད་གཞུང་ལུགས་སློབ་ཁྲིད་བཀོད་སྒྲིག་གི་མགོ་ཁྲིད་ལ་ཤུགས་སྣོན་དགོས། རིམ་པ་སོ་སོའི་ཏང་ཨུ་ཡིས་བསམ་བློའི་ཆབ་སྲིད་སློབ་ཁྲིད་ཀྱི་བཀོད་སྒྲིག་དེ་གྲོས་རིམ་གལ་ཆེན་དུ་བཞག་སྟེ། བྱ་བའི་རྣམ་པ་དང་དཔུང་སྡེའི་འཛུགས་སྐྲུན། རྒྱབ་སྐྱོར་འགན་སྲུང་སོགས་ཀྱི་ཐད་ནས་ནུས་ལྡན་བྱེད་ཐབས་སྤྱོད་དགོས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་བསམ་བློའི་ཆབ་སྲིད་སློབ་ཁྲིད་བཟང་བོར་བསྒྲུབ་པ་དང་། དགེ་རྒན་གྱིས་ནན་ཏན་དུ་བསམ་བློའི་ཆབ་སྲིད་སློབ་ཁྲིད་བྱེད་པ། སློབ་མས་བསམ་བློའི་ཆབ་སྲིད་སློབ་ཁྲིད་ལ་སློབ་སྦྱོང་གང་ལེགས་བྱེད་པའི་སྣང་ཚུལ་བཟང་བོ་ཆགས་པར་སྐུལ་འདེད་གཏོང་དགོས། སློབ་གྲྭའི་ཏང་ཨུ་ཡིས་དོ་དམ་ནན་མོ་བྱེད་པ་དང་ཚན་རིག་དང་མཐུན་པའི་བཅོས་སྐྱོང་ཟུང་འབྲེལ་བྱས་ཤིང་། སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅི་དང་། སློབ་གཙོ་ཡིས་སྣེ་ཁྲིད་དེ་སློབ་ཁྲིད་ལ་ཞུགས་པ་དང་། སྣེ་ཁྲིད་ནས་བསམ་བློའི་ཆབ་སྲིད་སློབ་ཁྲིད་ཀྱི་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ། སྣེ་ཁྲིད་དེ་བསམ་བློའི་ཆབ་སྲིད་སློབ་ཁྲིད་ཀྱི་དགེ་རྒན་ལ་འབྲེལ་གཏུག་བྱེད་དགོས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློའི་ཆབ་སྲིད་སློབ་ཁྲིད་ཀྱི་གཞི་གཅིག་ཅན་གྱི་འཛུགས་སྐྲུན་དེ་བཟོ་སྐྲུན་གལ་ཆེན་ཞིག་ཏུ་བྱེད་པར་གཅིག་གྱུར་བཀོད་འདོམ་བྱེད་པ་དང་། བསམ་བློའི་ཆབ་སྲིད་སློབ་ཁྲིད་བཀོད་སྒྲིག་གི་ནང་དོན་ཕུན་སུམ་ཚོགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ལ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་འགན་ཁུར་བློ་མཐུན་དག་སློབ་གྲྭར་སོང་ནས་བསམ་བློའི་ཆབ་སྲིད་སློབ་ཁྲིད་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།