ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུས་དཔྱིད་ཀའི་སློབ་དུས་ཀྱི་སློབ་སྦྱོང་གི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་སློབ་ཁྲིད་ཀྱི་འཕེལ་རིམ་བཀོད་སྒྲིག་ལུགས་མཐུན་བྱེད་དགོས་པར་བསྟན།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་སློབ་གསོ་པུས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ཏེ་སྟོན་ཁའི་སློབ་དུས་སུ་སློབ་གྲྭ་འབྲིང་ཆུང་གིས་ལོ་རིམ་དང་། འཛིན་གྲྭ རིག་ཚན་བཅས་མི་འདྲ་བར་གཞིགས་ཏེ་སློབ་ཁྲིད་ཀྱི་འཆར་གཞི་སྤྱི་འདོམས་བྱས་ནས་བཟོ་དགོས་པ་དང་འབྲེལ། དཔྱིད་ཀའི་སློབ་དུས་ཀྱི་སློབ་མའི་སློབ་སྦྱོང་གི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་སློབ་ཁྲིད་ཀྱི་འཕེལ་རིམ་བཀོད་སྒྲིག་ལུགས་མཐུན་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།

སློབ་གསོ་པུའུ་རྨང་གཞིའི་སློབ་གསོ་སིའི་སི་ཀྲང་ལུའི་ཡུས་ཀང་གིས། སློབ་དུས་གསར་པར་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་གསོའི་སློབ་ཁྲིད་ལས་དོན་སྤྱི་འདོམས་ཡག་པོ་བྱས་ཏེ“ཁོངས་གཏོགས་ཀྱིས་སྤྱི་འདོམས་བྱེད་པའི”རྩ་དོན་གཞིར་བཟུང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་རྒྱུན་གཏན་གྱི་སློབ་གསོའི་སློབ་ཁྲིད་ཀྱི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་བྱེད་དགོས། སློབ་མའི་གནས་ཚུལ་ལ་གནད་སྨིན་དབྱེ་ཞིབ་བྱས་ཏེ་དཔྱིད་ཀའི་སློབ་དུས་ཀྱི་སློབ་མའི་སློབ་སྦྱོང་གི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་སློབ་ཁྲིད་ཀྱི་འཕེལ་རིམ་བཀོད་སྒྲིག་ལུགས་མཐུན་དང་། རྒྱལ་ཁབ་ཀྱི་སློབ་ཚན་གྱི་ཇུས་གཞི་དང་སློབ་ཚན་གྱི་ཚད་གཞི་ལག་བསྟར་ནན་ཏན་བྱས་ནས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་སློབ་ཚན་འདང་ངེས་དང་། ཆ་ཚང་བ། ལེགས་པའི་ངང་འཚོག་ཐུབ་པའི་འགན་ལེན་དང་སློབ་གསོའི་སྤུས་ཚད་འགན་ལེན་བྱེད་དགོས་ཞེས་བརྗོད་པ་རེད།

ཁོང་གིས། སློབ་ཆུང་ནས་བརྩིས་པའི་ལོ་རིམ་གྱིས་སློབ་ཚན་གྱི་ཚད་གཞི་ནན་པོ་བསྲུངས་ཏེ་རྨང་གཞིའི་ཤེས་བྱ་ནས་སློབ་ཁྲིད་བྱེད་དགོས་པ་དང་། བར་བརྒལ་རང་བཞིན་གྱི་བྱེད་སྒོའི་སློབ་ཚན་འཚོལ་ཞིབ་ཧུར་ཐག་དང་ལུགས་མཐུན་བཀོད་སྒྲིག་བྱེད་པ། བུ་བཅོལ་ཁང་དང་སློབ་ཆུང་གི་སྦྲེལ་མཐུད་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྣང་ཆེན་བྱེད་པ་བཅས་ཀྱི་ཐོག་ནས་སློབ་མ་གསར་པས་སློབ་གྲྭའི་སློབ་སྦྱོང་དང་འཚོ་བ་གོམས་པ་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།