ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་ཚན་རྩལ་ལ་གྲོན་དངུལ་གཏོང་ཚད་སྒོར་དུང་ཕྱུར་ཁྲི2ལས་བརྒལ་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་རྒྱལ་ཁབ་བསྡོམས་རྩིས་ཅུས་དང་། ཚན་རིག་ལག་རྩལ་པུའུ། ནོར་སྲིད་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་བཏོན་པའི《2019ལོའི་རྒྱལ་ཡོངས་ཀྱི་ཚན་རྩལ་ལ་གྲོན་དངུལ་བཏང་བའི་བསྡོམས་རྩིས་སྤྱི་བསྒྲགས》(གཤམ་དུ《སྤྱི་བསྒྲགས》ཞེས་བསྡུ་རྒྱུ)ལས་མངོན་པར། 2019ལོར་རྒྱལ་ཡོངས་ཀྱིས་ཞིབ་འཇུག་དང་ཚོད་ལྟའི་འཕེལ་རྒྱས(R&D)ལ་ཁྱོན་འགྲོ་གྲོན་སྒོར་དུང་ཕྱུར22143.6བཏང་བ་དེ་ལོ་གོང་མ་ལས12.5%འཕར་བ་དང་། ལོ4རིང་བསྟུད་མར་གྲངས་གནས་གཉིས་འཕར་ཡོད།

མ་འཇོག་གཞི་ཁྱོན་རྒྱུན་མཐུད་འཕར་བ་དང་ཆབས་ཅིག གཏོང་ཆ་གཏོང་ཤུགས་ཀྱིས་ཀྱང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་སླར་ཡང་བཏོད་ཡོད། 《སྤྱི་བསྒྲགས》ནང་མངོན་པར། རང་རྒྱལ་གྱི་ཞིབ་འཇུག་དང་ཚོད་ལྟའི་འཕེལ་རྒྱས་ལ་འགྲོ་གྲོན་གཏོང་ཚད(རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་བསྡུར་ན)2.23%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.09འཕར་ཡོད། ཞིབ་འཇུག་གསར་སྤེལ་མི་སྣའི་ལས་ཀའི་ཚད་གཞི་ཧྲིལ་པོར་བརྩིས་པའི་མི་རེའི་ཆ་སྙོམས་འགྲོ་གྲོན་སྒོར་ཁྲི46.1ཟིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི1.2འཕར་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།