ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པས་ཚང་འཛོམས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1598488712239606.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པས་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར་ཚང་འཛོམས་གྲོས་ཚོགས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་ལ་ཞུགས། 

ཚའོ་ཕའེ་ཞི་དང་། སུང་ཧེ། ཀྲང་ཏའོ་ཧོང་། ཀྲང་ལེན་ཆི། མཱ་ཅན་གོ། ཅང་ཏཱ་མེན། ཀྲང་ཡཱ་ཀྲུང་། ཧྲུའུ་ཞའོ་ཆིན། ལིས་ཧི་ཕེན། སུང་ཅི་རོང་། ཀྲང་ཙེ་ཞི། ལིག་ཅི་ཝེ་བཅས་རྒྱུན་ལས་ཨུ་ཡོན་བཅུ་གཉིས་ཀྱིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བ་གཏན་འབེབས་བྱེད་པའི་ཐད་ནས་གཏམ་བཤད་སྤེལ། 

རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་གཏམ་བཤད་སྤེལ་སྐབས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཆར་འགོད་བྱེད་པ་དེ་འཕེལ་ཕྱོགས་ཆེན་མོ་དམ་འཛིན་བྱེད་པ་དང་། ཡིད་ཆེས་དང་ཆོད་སེམས་བརྟན་པ། སེམས་ཤུགས་གཅིག་སྒྲིལ་གྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་བསྐྱོད་གསར་བའི་མགོ་རྩོམ་པ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ལ་ཁ་ཕྱོགས་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན། ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཆར་འགོད་སྒྲིག་བཟོ་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་དངོས་འབེབ་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་བཞི་བ་འཆར་འགོད་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས། 

རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྐབས་སུ་འཕེལ་རྒྱས་འདུ་ཤེས་གསར་བ་བརྟན་པོར་ཆགས་པ་དང་རང་རྟོགས་ཀྱིས་ལག་ལེན་བྱས་ཤིང་། རྒྱལ་ནང་གི་འཁོར་སྐྱོད་ཆེན་མོ་གཙོར་བཟུང་ཞིང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་ཟུང་གིས་ཕན་ཚུན་གཞོགས་འདེགས་བྱེད་པའི་འཕེལ་རྒྱས་རྣམ་པ་གསར་བ་མྱུར་དུ་ཆགས་པར་བྱེད་དགོས། དེ་ནི་དཔལ་འབྱོར་སྤྱིའི་ཚད་ཇེ་ཆེར་གཏོང་བ་དང་ཞོར་དུ་འཕེལ་རྒྱས་སྤུས་ཚད་ཇེ་མཐོར་གཏོང་བའི་འཐབ་ཇུས་བྱེད་ཐབས་ཤིག་ཡིན་པ་དང་། མཁོ་འདོན་གྲུབ་ཚུལ་གྱི་བཅོས་བསྒྱུར་ཟབ་སྤེལ་བྱས་ནས་རྐྱེན་འདུས་ཐོན་སྐྱེད་ཀྱི་ཚད་ཇེ་མཐོར་གཏོང་བ་དང་། གཙོ་བོ་དངུལ་ལོར་གྱི་མཁོ་འདོན་གྲུབ་ཚུལ་གྱི་བཅོས་བསྒྱུར་ཟབ་སྤེལ་བྱས་ནས་དངུལ་ལོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། ཡུལ་ཚོ་དང་སྡེ་བའི་དར་རྒྱས་འཐབ་ཇུས་ལག་བསྟར་གང་ལེགས་བྱས་ཏེ་བལྟོས་བཅས་དབུལ་ཕོངས་ལ་བཅོས་སྐྱོང་བྱེད་པ་དེ་ཡུལ་ཚོ་དང་སྡེ་བའི་དར་རྒྱས་འཐབ་ཇུས་ཁྲོད་འཇོག་དགོས་ལ། ཧུར་ཐག་སྒོས་ཐོན་ལས་གསར་བ་དང་ཐོན་ལས་ཀྱི་རྣམ་པ་གསར་བ། ཚོང་ལས་ཀྱི་རྣམ་པ་གསར་བ་བཅས་གསོ་སྤེལ་བྱས་ནས་བལྟོས་བཅས་དབུལ་ཕོངས་གནད་དོན་ཐག་གཅོད་བྱེད་པ་དང་ཐོན་ལས་ཀྱི་དར་རྒྱས་ཕན་ནུས་ལྡན་པར་སྦྲེལ་མཐུད་བྱེད་དགོས་པའི་སྐུལ་མ་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱིས་གསར་གཏོད་སྒུལ་ཤུགས་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་དང་། མཁར་གྲོང་གི་དམངས་འཚོའི་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ། འོས་འགན་སློབ་གསོའི་སྤུས་ལེགས་དོ་མཉམ་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བ། སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཇེ་མཐོར་བཏང་སྟེ་། རིམས་ནད་ཆེན་མོའི་འགོག་སྲུང་དང་གསོ་བཅོས། ཚན་རིག་ཞིབ་འཇུག་གི་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་དགོས། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། སྦགས་བཙོག་བཅོས་སྐྱོང་མཁྲེགས་གཏོར་གྱི་ཤུགས་ཚད་ཇེ་ཆུང་ལ་མི་གཏོང་བར་སྲུང་འཛིན་བྱེད་པ་དང་། ཚན་རྩལ་དང་ཁྲིམས་སྐྱོང་ལ་བརྟེན་ནས་གྲོན་ཆུང་རྣམ་པ་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱས་ནས། ལྷད་མེད་ཀྱི་འཕེལ་རྒྱས་བྱེད་ཐབས་དང་འཚོ་བའི་བྱེད་ཐབས་དར་སྤེལ་གཏོང་དགོས་པ་དང་། སྔར་ལས་ཁྱབ་ཁོངས་ཆེ་བའི་སྒོ་ནས་ཕྱི་ཕྱོགས་སྒོ་འབྱེད་བྱས་ཏེ། འདྲ་མཉམ་ལུགས་མཐུན་གྱི་རྒྱལ་སྤྱིའི་དཔལ་འབྱོར་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་དགོས། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀུའུ་ཧྲིན་ཙུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས་ནས་བསམ་འཆར་དང་གྲོས་གཞིར་ཉན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།